ཕྱི་རྒྱལ་གྱི་སྨྱན་སྦྱོར་བས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་11ཉིན། ཨ་རིའི་པའེ་ཏེང་སྲིད་གཞུང་གིས་རྡོ་སྣུམ་དང་རྡོ་སྣུམ་གཤེར་འགྱུར་རླངས་པ་ལྐོག་འདྲེན་བྱས་པ་བརྒྱུད། ལེ་པ་ནོན་གྱི་སྐྱབས་མགོན་ཏང་ལ་ཡོང་འབབ་བསྐྲུན་པའི་དྲ་རྒྱའི་རྩ་འཛུགས་ཤིག་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་བཀག་སྡོམ་དེ་སྒེར་པ་གསུམ་དང་། ཀུང་སི་ལྔ། གྲུ་གཟིངས་གཉིས་བཅས་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད། ནོར་སྲིད་པུའུ་ཡི་ལས་ཚབ་པུའུ་ཀྲང་གཞོན་པ་ཧྲི་མི་སིས་གསལ་བསྒྲགས་ཤིག་གི་ནང་དུ། སྐྱབས་མགོན་ཏང་གིས་“མུ་མཐུད་དུ་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་འཕངས་པས་ས་ཁུལ་དེ་བས་གཏན་འཇགས་མེད་པར་ཇེ་དྲག་ཏུ་གྱུར་ཡོད་”ཅེས་འཁོད་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号