འདི་ཨ་ཤེ་ཡ་གླིང་དུ་ཆེས་ཆེ་ཤོས་རེད།

གསར་འགོད་པས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་གླིང་དྲུག་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ9པའི་ཚེས10ཉིན། གླིང་དེའི་ཐུང་ཁྲོན་ཚོད་ལྟའི་ལྟེ་གནས165ཡི་ཨ་ཤེ་ཡའི་བར་སྣང་ཆེ་ཤོས་ཀྱི་ལད་མོའི་ཚོད་ལྟའི་རྒྱུགས་ལེན་སྟེགས་བུ་ལམ་ལྷོང་ངང་ལེགས་གྲུབ་བྱུང་བ་རེད། དེའི་ཐོག་ནས་རང་རྒྱལ་གྱི་མི་ཞུགས་ཟླ་བའི་གོ་ལའི་འདུ་འགོད་ཀྱི་མྱུར་ཚད་འགོར་དུ་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་གྱི་བར་སྣང་ལད་མོའི་ཚོད་ལྟའི་འགག་རྩའི་ལག་རྩལ་ལ་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་ཡོད་པ་རེད།

དེའི་ཐོག་ནས་བར་སྣང་གི་སྒུལ་བྱེད་འཕྲུལ་འཁོར་གྱི་བར་སྣང་ལད་མོའི་ཚོད་ལྟའི་ནུས་པ་མཆོང་སྐྱོད་གལ་ཆེན་ཐུབ་ནས། བར་སྣང་གི་སྒུལ་བྱེད་འཕྲུལ་འཁོར་ཚོད་ལྟའི་ནུས་པ་མེད་པའི་སྟོང་ཆ་བསྐངས་ཏེ། མི་ཞུགས་ཟླ་བའི་གོ་ལའི་བརྟག་ཞིབ་ཚད་ལེན་འདུ་འགོད་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་དང་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号