ཤ་བོ་སྐྱབས་ཀྱིས་གསར་དུ་བསྐོ་བཞག་བྱས་པའི་རྫོང་རིམ་པའི་ལས་བྱེད་པར་གཅིག་སྡུད་གླེང་མོལ་བྱས་པ།

ཟླ8པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པ13དང་སྔར་ལས་བེད་སྤྱོད་བྱེད་པའི་རྫོང་རིམ་པའི་ལས་བྱེད་པར་གཅིག་སྡུད་གླེང་མོལ་བྱས་ལ། གསར་དུ་བསྐོ་གཞག་བྱས་པ་དང་སྔར་ལས་བེད་སྤྱོད་བྱེད་པའི་ལས་བྱེད་པས་གཏམ་བཤད་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་བཅས་ཞུགས།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་དམིགས་ཏེ། ཏང་ལ་ལྷག་བསམ་རྣམ་དག་ཡིན་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་མངོན་པར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་རྩ་བ་དེ་དམ་པོར་བཟུང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་སྔར་ལས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་གོ་རྟོགས་སད་ནུས། ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སློབ་སྦྱོང་ལ་ཧུར་བརྩོན་དང་བསམ་བློ་གཏོང་མཁས་པར་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་མུ་མཐུད་དུ་སློབ་སྦྱོང་དང་དོན་འཁྱོལ་ཡག་པོ་བྱེད་པ། ལྷག་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་རྟོགས་ངང“འཇོན་ཐང་བརྒྱད”ཇེ་ལྡན་དུ་གཏོང་པ་དང“ནུས་པ་བདུན”ཇེ་མཐོ་རུ་བཏང་ནས་རང་ངོས་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་དང་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་ནུས་ཆེ་རུ་ཧུར་ཐག་གཏོང་དགོས། འགན་འཁྲི་འཁུར་ཕོད་པ་དང་བྱ་བ་སྒྲུབ་མཁས་པ་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་བྱ་བའི་ངར་ཤུགས་འདོན་དགོས། སེམས་ཤུགས་བྱ་བའི་སྟེང་བཀོལ་བ་དང་འཇོན་ནུས་བྱ་བའི་སྟེང་འདོན་པ། རྩལ་ནུས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་བཀོལ་ནས་མཐུན་སྒྲིལ་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་བསམ་པའི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་ལྟེ་བའི་བྱ་བར་དམིགས་ནས་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་འགན་འཁྲི་ཡག་པོ་བསྒྲུབས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་རྒྱུན་མཐུད་འདོན་པ་དང་ཡུན་རིང་འབད་བརྩོན་བྱེད་དགོས། སྤྱི་སེམས་འཆང་བ་དང་དབང་ཆ་གཟབ་ནན་ངང་སྤྱད་དེ་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་གསལ་འགྲེལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བ་དང་སུན་སྣང་ཡོད་པ། བློ་མི་བདེ་བ། དཀའ་ངལ་ཆེ་བའི་བྱ་བ་བཅས་ལེགས་པར་བསྒྲུབ་སྟེ། བྱ་བའི་དཀའ་སྡུག་གི་སྟོན་གྲངས་དང་གྲུབ་འབྲས་ཀྱི་སྟོན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་དང་བློ་ཡིད་ཚིམ་པའི་སྟོན་གྲངས་བརྗེ་ལེན་ཧུར་ཐག་བྱེད་དགོས། འཇིགས་བཀུར་ཤེས་པ་དང་རང་གཅུན་ནན་མོ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས། ཏང་གི"སྒྲིག་ཁྲིམས་ཆེན་པོ་དྲུག"ལ་རྟག་ཏུ་སློབ་སྦྱོང་དང་བསམ་བློ་བཏང་སྟེ། "དྲི་བ་དྲུག"དང"གཏན་འགོག་བཅུ""བྱེད་ཐབས་དགུ"ཚད་གཞིར་བཟུང་ནས། རང་རྟོགས་ཀྱིས་ཁྲིམས་བཀུར་དང་ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ཏེ་སྒྲིག་སྲོལ་ལ་མཐོང་ཆེན་བྱེད་པ་དེ་རང་འགན་གཙང་སྒྲུབ་དང་བྱ་བར་སྐུལ་འདེད། མི་ཚུལ་ལྡན་བྱེད་པ་དང་སྲིད་སྐྱོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཁྱབ་པར་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ལའེ་མིན་གྱིས་གསར་དུ་བསྐོ་གཞག་བྱས་པ་དང་སྔར་ལས་བེད་སྤྱོད་བྱེད་པའི་ལས་བྱེད་པར་ཐུན་མོང་ཐོག་སྲིད་གཙང་གླེང་མོལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号