རྐང་ཚ་རྫོང་གི་བདེ་འཇགས་ཐོན་སྐྱེད་དང་མཁོ་བསྟུན་དོ་དམ་གྱི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭར་འཚོགས་མགོ་བརྩམས།

འབྲེལ་ཡོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ལས་སྒོའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། ཟླ8པའི་ཚེས26ཉིན། རྐང་ཚ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་དང་མཉམ་འབྲེལ་སྒོས་སྒྲུབ་པའི་རྐང་ཚ་རྫོང་བདེ་འཇགས་ཐོན་སྐྱེད་དང་མཁོ་བསྟུན་དོ་དམ་གྱི་ཕྱོགས་བསྡུས་ནུས་པ་མཐོ་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭར་འཚོགས། བདེ་འཇགས་ཐོན་སྐྱེད་དང་མཁོ་བསྟུན་དོ་དམ་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་ལས་བཟོ་པ43གསོ་སྦྱོང་ཁྲོད་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དུས་ཡུན་ཉིན5ཡིན་ཞིང་། ཆེད་དོན་འཆད་ཁྲིད་དང་གྱོད་དཔེ་སློབ་ཁྲིད། ཞིབ་བསྡུར་བརྗེ་རེས་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། མཁོ་བསྟུན་དོ་དམ་ནུས་པ་མཐོར་འདེགས་གཏོང་བ་སོགས་དུམ་ཁག་ཆེན་པོ་གསུམ་གྱི་རིགས་པའི་གཞུང་ལུགས་སློབ་ཚན་བཀོད་སྒྲིག་བྱས། སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་བ། དེའི་དམིགས་ཡུལ་ནི་སློབ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་བདེ་འཇགས་དོགས་ཟོན་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་དང་བྱ་བའི་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དོན་སྙིང་གལ་ཆེན་དང་སྤྱིའི་དམིགས་འབེན།    གཙོ་གནད་ལས་འགན་བཅས་ལ་རྒྱུས་ལོན་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་མཁོ་བསྟུན་དོ་དམ་གྱི་ཤེས་བྱ་ཁོང་དུ་ཆུད་པ། འབྲེལ་ཡོད་མི་སྣའི་བདེ་འཇགས་ཐོན་སྐྱེད་དོ་དམ་ནུས་པ་དང་མཁོ་བསྟུན་ཐག་གཅོད་ནུས་པ་སྔར་ལས་མཐོ་རུ་བཏང་སྟེ་མཁོ་བསྟུན་དོ་དམ་བྱ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号