ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)ཚོགས་འདུ་འཚོགས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་ཆེད་དོན་ཞིབ་འཇུག་དང་བཀོད་གཏོང་བྱས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་བྱ་བར་བཀོད་སྒྲིག་གནང་།

ཟླ8པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད“ཞིང་གསུམ”བྱ་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་སྐོར་གྱི་རྒྱས་བཤད་གལ་ཆེན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་དང་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཁུལ་ཡོངས་ཀྱི་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་གཙོ་བོ་སྒྲུབ་པའི་གནས་ཚུལ་ཁྱབ་བརྡ་བཏང་བ་དང་། རྫོང་སོ་སོ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་གནས་ཚུལ་བཀོད་གཏོང་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བཅས་བྱས།

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི“ལོ་ལྔའི་བར་བརྒལ་དུས་སྐབས”ཀྱི་ལོ་བཞི་པ་དང་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་དང་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི“ཡིག་ཆ་གཅིག་དང་གསལ་ཐོ་གཅིག་མིག་མངས་འགྲིག་སྐོར་གཅིག”གི་བྱ་བའི་བླང་བྱ་གཞིར་བཟུང་ནས་ནུས་ཤུགས་ཡོད་རྒུས་གནད་དོན་བཅོས་སྒྲིག་དམ་འཛིན་ཡག་པོ་བྱས་ཏེ་སྟོང་ཆ་དང་ཞན་ཆ་གསབ་སྟེ་སྦྲེལ་མཐུད་ནུས་ལྡན་གྱི་ལོ་འཁོར་མོའི་ལས་འགན་སོ་སོ་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཟེར།   

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་ཏེ། རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་འགག་སྒྲོལ་འགུལ་སྐྱོད་སྤེལ་ཏེ་བྱ་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་རྒྱུན་གཏན་ལས་བརྒལ་བའི་བྱ་ཐབས་སྤྱད་དེ"མཐོ་བ་གསུམ"གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། དབུལ་ཕོངས་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གཅིག་སྡུད་གྲལ་བཤེར་ཏན་ཏིག་བྱས་ཏེ་སྡོད་ཁང་དང་སློབ་གསོ། སྨན་བཅོས་བཅས"འགན་ལེན་གསུམ"དང་འཐུང་ཆུའི་བདེ་འཇགས། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་བྱ་བ་ཤུགས་ལྡན་དང་ནུས་ལྡན་སྒོས་ཡག་པོར་སྒྲུབ་ནས་སྟོང་ཆ་དང་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་དགོས། སྦྲེལ་མཐུད་མ་དངུལ་དང་ཞིང་ལས་རོགས་སྐྱོར་མ་དངུལ་གྱི་ལས་གཞི་འཛུགས་སྐྲུན་དོ་དམ་ལ་དམིགས་ནས་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་ལས་གཞི་འཛུགས་སྐྲུན་གྱི"རྫོགས་ལྡན་དུས་སྐབས"དམ་འཛིན་ནན་མོ་བྱས་ཏེ། ལས་ཡུན་ལྡོག་སྒྲིག་དང་ནུས་ཤུགས་ཡོད་རྒུས་ལས་གཞིའི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ལས་གཞི་སྔ་མོ་ནས་བསྐྲུན་པ་དང་སྔ་མོ་ནས་གཉེར་སྐྱོང་། སྔ་མོ་ནས་ཕན་པ་ཐོབ་པར་བྱེད་དགོས། གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་སྒོས་ཆེ་རུ་གཏོང་བ་དང་། གཅིག་ཤེས་ཀུན་གྲོལ་རྒྱུན་འཁྱོངས། བཅོས་སྒྲིག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནད་དོན་སྣ་ཚོགས་དུས་བཀག་ལྟར་གཙང་སེལ་བྱེད་པའི་འགན་ལེན་ཏན་ཏིག་བྱེད་དགོས། གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་རྒྱུན་མཐུད་སྒོས་ཤུགས་བསྣན་ཏེ་ལས་སྒོའི་ལས་བྱེད་པ་དང་སྡེ་སྡོད་བྱ་བའི་རུ་ཁག་སོགས་བྱ་བའི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་ཐར་མི་འབོར་གྱི་ལས་མི་ལས་ཞུགས་དང་ཡོང་འབབ་སོགས་རྨང་གཞིའི་གཞི་གྲངས་ཆ་འཕྲིན་འཚོལ་བསྡུ་དང་ཞིབ་དཔྱད་བྱ་བ་གནད་ལ་འཁེལ་བ་དང་ཏན་ཏིག་ངང་ཡག་པོར་སྒྲུབ་ནས་གཞི་གྲངས་སོ་སོ་བདེན་པ་བདེན་ཐུབ་དང་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས། འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོབ་ལ་དམིགས་ནས་རྒྱུན་མཐུད་སྒོས་ནུས་ཤུགས་འདོན་པ་དང་། ཁུལ་ཡོངས་ཀྱི་རྨོ་ཞིང་མུའུ་ཁྲི87འགན་སྲུང་ཐུབ་པ་དང་མུའུ་ཁྲི77.8ཡུན་རིང་རང་བཞིན་གྱི་གཞི་རྩའི་ཞིང་ཁའི་དམར་ཐིག་བརྟན་པོར་སྲུང་བ། ཞིང་ཁའི་དོ་དམ་དང་སྟོན་བསྡུའི་བྱ་བ་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ་འབྲུ་སྣུམ་ཐོན་ཚད་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུའི"གོང་རིམ་གྱིས་འོག་རིམ་ལ་དོ་དམ་བྱེད་པའི"བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲི་དམ་འཛིན་ནན་མོ་བྱེད་པ། ཁུལ་རིམ་པའི་མགོ་ཁྲིད་ཀྱིས"1+10"གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དང་། "4+1+N"འགན་གཙང་ལེན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་ཏང་སྲིད"མགོ་ཁྲིད་གཙོ་བོས"གྲོང་གསེབ་དར་སྤེལ་གཏོང་བའི"ཨར་ལས་རུ་དཔོན"ཡག་པོ་བྱེད་དགོས་པ་དང་། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས"འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ"ཡག་པོ་བྱས་ཏེ་ལག་བསྟར་མཐར་ཕྱིན་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་སྤྱི་ཁྱབ་རུ་དཔོན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་དངོས་སུ་བཀོད་སྒྲིག་དང་དོན་འཁྱོལ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ལས་བགོས་འགན་ཁུར་མགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་དང་ཞིབ་ཕྲ་དམ་འཛིན་བྱས་ཏེ་དུས་བཀག་ལྟར་བཀོད་གཏོང་དང་བྱ་བར་སྐུལ་འདེད། གནད་དོན་ཐག་གཅོད་བཅས་བྱེད་དགོས། རིམ་པ་སོ་སོའི་ཞིང་ལས་གཞུང་ལས་ཁང་གིས་འགན་ནུས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་ཇུས་འདོན་ལས་རོགས་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལས་རིགས་སྡེ་ཁག་སོ་སོས་ལས་རིགས་དེ་གའི་འགན་འཁྲིར་དམིགས་ནས་བྱ་བ་དོན་འཁྱོལ་བྱས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གསེད་བཀྲོལ་བྱས་ཏེ། དུས་ཐོག་ཏུ་ཆད་ལུས་ཞིབ་བཤེར་དང་ཆད་གསབ་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱས་ཏེ། གཟབ་ནན་བདེན་ཐུབ་དང་བདེན་དོན་མཐའ་སྐྱེལ་བྱས་ཏེ་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར། 

ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། 

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་རྫོང་དང་ཡུལ་ཚོ་རིམ་པ་དང་པོར་འཚོགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号