ཤ་བོ་སྐྱབས་མདོ་ལ་རྫོང་དང་རྐང་ཚ་རྫོང་དུ་བསྐྱོད་ནས་གཙོ་གནད་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་པ།

ཟླ8པའི་ཚེས20ཉིན་ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདོ་ལ་རྫོང་དང་རྐང་ཚ་རྫོང་དུ་བསྐྱོད་ནས་དཔལ་འབྱོར་འཁོར་སྐྱོད་དང་གྲོང་གསེབ་དར་སྤེལ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་པ། 

མདོ་ལ་རྫོང་མཚོ་སྔོན་ཞིན་ཁྲོན་གཏེར་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་གནས་བབ་དང་འཕེལ་རྒྱས་འཆར་འགོད། ཁེ་ལས་ཀྱི་དགོས་མཁོ་སོགས་ཐད་ཀྱི་ངོ་སྤྲོད་ལ་གསན་ཏེ་ནན་གྱིས་བསྟན་དོན། བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་བདེ་འཇགས་མི་སྣའི་ལས་རེས་ལས་སྲུང་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། བདེ་འཇགས་ཉིན་ཐོ་ནན་ཏན་གྱིས་བྲིས་ཏེ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་དྲན་སྐུལ་བྱང་བུ་དང་སྦྱར་ཡིག་སོགས་མང་དུ་གཏོང་བའི་བྱ་ཐབས་སྤྱད་པ་བརྒྱུད་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཏེ་བདེ་འཇགས་ཀྱི་གནད་དོན་སེལ་དགོས་ཟེར།  

ཆི་ཧྭ་ཅིན་ཞིག་མཁར་དམར་གནའ་མཁར་གྱི་ཡུལ་སྐོར་ལྗོངས་ཁུལ་དང་། སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི། བློན་པོ་བྱ་རྒོད་ཡུལ་སྐོར་ལྗོངས་ཁུལ་དུ་ཤ་བོ་སྐྱབས་ཀྱིས་ལྗོངས་ཁུལ་གྱི་ལས་རྣམ་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྒྱང་རིང་གི་འཕེལ་རྒྱས་འཆར་འགོད་བཅས་དང་དེ་བཞིན་གནས་པའི་དཀའ་ངལ་དང་གནད་དོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས་ནན་གྱིས་བསྟན་དོན། ལྗོངས་ཁུལ་ལྗོངས་གནས་ཀྱི་རིས་ཁྲ་བཅོས་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྟ་སྐོར་དང་། རྟ་བཞོན་དང་གཡག་བཞོན། མདའ་འཕེན་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། མཐའ་འཁོར་གྱི་མང་ཚོགས་རྣམས་གནས་དེའི་བཟའ་བཏུང་ཞག་སྡོད་དང་མི་རིགས་ཀྱི་གྱོན་ཆས། རིག་གནས་གསར་གཏོད་ཀྱི་ཐོན་རྫས། དམངས་སྲོལ་མཁོ་ཆས་སོགས་འབྲེལ་ཡོད་ཐོན་ལས་གཉེར་སྐྱོང་ནང་ཞུགས་པར་སྐུལ་མ་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་ཡུལ་སྐོར་བའི་རྩེད་འཇོར་རོལ་བའི་མྱོང་བ་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་བ་དང་། དུས་མཚུངས་སུ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱ་དགོས་ཟེར། 

མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དུ་ཤ་བོ་སྐྱབས་སྔ་རྗེས་སུ་སྟག་སྣ་དགོན་སྡེ་བ་དང་ར་གདོང་སྡེ་བར་བསྐྱོད་དེ་སྡེ་བ་རིམ་པའི"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་དང་། བདེ་སྐྱིད་ཟ་ཁང་དང་འཕྲོད་བསྟེན་ཁང་འཁོར་སྐྱོད། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་ནན་གྱིས་བསྟན་དོན། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ནུས་པ་ཇེ་ལེགས་སུ་བཏང་ནས་བདེ་སྐྱིད་ཟ་ཁང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ་དང་། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་གི་དོ་དམ་ཚད་ལྡན་ཡོང་བར་བྱས་ཏེ་མང་ཚོགས་ལ་དེ་བས་སེམས་རྩ་དྲོ་བ་དང་གནད་ལ་འཁེལ་བ། སྟབས་བདེ་དང་ཕན་ནུས་ལྡན་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། དེ་དང་ཆབས་ཅིག་སྟོན་བསྡུ་དང་ནོར་ལུག་བཤས་གཏོང་བྱེད་པའི"དུས་སྐབས་ཡག་ཤོས"དམ་འཛིན་བྱས་ཏེ་སྟོན་བསྡུའི་འགན་ལེན་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་དང་ཐབས་བརྒྱ་ཇུས་སྟོང་ངང་ཕྱུགས་རིགས་བཤས་གཏོང་ཚད་དང་ཚོང་ཟོག་ཏུ་འགྱུར་ཚད་མཐོ་རུ་བཏང་ནས་རོང་འབྲོག་མང་ཚོགས་ལ་ཐོན་འཕར་འབབ་འཕར་ཡོང་བར་འགན་ལེན་བྱེད་དགོས་ཟེར།

མདོ་ལ་རྫོང་གསའ་ལུང་ཐང་རྡོ་བལ་སྙིགས་རོ་བཅོས་སྐྱོང་བྱ་ཡུལ་དང་རྐང་ཚ་རྫོང་ཆུ་ཁོལ་ཐོན་ལས་ཁུལ་གྱི་ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་ཁ་རུ། ཤ་བོ་སྐྱབས་ཀྱིས་གཏེར་རི་ཕྱིར་སྐོང་དང་མཐའ་ལྡེབས་བཅོས་སྐྱོང་། རྩྭ་འདེབས་ལྗང་སྒྱུར་སོགས་སྐྱེ་ཁམས་སླར་གསོའི་ལས་གཞི་ལ་སྐུལ་འདེད་བཏང་ཚུལ་དང་བཅོས་སྐྱོང་ཕན་འབྲས་ལ་གཟིགས་ཞིབ་གནང་ཞིང་། བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ་བྱ་བའི་སྙན་ཞུར་གསན་ཏེ་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བཅོས་སྒྲིག་བྱ་བར་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བཅོས་སྒྲིག་གི་བླང་བྱ་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཚུར་ལན་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ཏེ། གཅིག་ནས་རྫོང་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱིས"1+10"ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་གཞིར་བཟུང་མདུན་ཕྱོགས་སུ་བཀོད་འདོམས་དང་གནས་སྡོད་མཛུབ་ཁྲིད་བྱེད་པ་དང་། མདོ་ལ་རྫོང་དང་རྐང་ཚ་རྫོང་གིས་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལྟ་སྐུལ་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ནས་ནུས་ཤུགས་ཡོད་རྒུས་ལས་ཡུན་དམ་འཛིན་དང་སྒྲུབ་ཚད་སྐུལ་འདེད། སྤུས་ཚད་ལ་ཁག་ཐེག་བྱས་ནས་གཏེར་རི་ལྗང་སྒྱུར་དང་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་དགོས། གཉིས་ནས་ཁུལ་གྱི་ཁོར་སྲུང་དང་། རང་བྱུང་ཐོན་ཁུངས། ནགས་རྩྭ། བཟོ་འཕྲིན་སོགས་སྡེ་ཁག་གིས་གཏེར་རི་སླར་གསོ་དང་བཅོས་སྐྱོང་ཇུས་གཞིའི་བླང་བྱར་ནན་མོར་གཞིགས་ནས་བཟོ་སྐྲུན་ཨར་ལས་དང་། རྩྭ་སོན་འདེམས་ཉོ། ལུད་གསོག་འཇོག་སོགས་ཀྱི་ཐད་ལ་མཛུབ་སྟོན་དང་རོགས་རམ་བྱ་དགོས་ཤིང་། ཁུལ་དང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་བཅོས་སྒྲིག་བྱ་བར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར། 

ཁུལ་གྱི་མགོ་ཁྲིད་ལའེ་མིན་དང་སི་ཅི་ཧྲིན། རྐང་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་། མདོ་ལ་རྫོང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་སོ་སོར་འགྲོ་རོགས་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号