ཀྲང་ཞའོ་ཅུན་འཁོར་དང་བཅས་པ་མཚོ་བྱང་དུ་བསྐྱོད་དེ་རྟོག་ཞིབ་དང་བརྟག་ཞིབ་གནང་། ཤ་བོ་སྐྱབས་ཀྱིས་ཕེབས་རོགས་གནང་།

ཟླ8པའི་ཚེས20ཉིན། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཀྲང་ཞའོ་ཅུན་འཁོར་དང་བཅས་པས་གཞི་རིམ་མཁོ་ཚོང་མཉམ་འབྲེལ་ཁང་གི་ལས་ཚིགས་འཛུགས་སྐྲུན་དང་ཞིང་ལས་རྒྱུ་ཆ་སྡེབ་སྐྱེལ་གསོག་ཉར། ཞིང་ལས་རྒྱུ་ཆའི་སྒོ་རྩིས་ཚོང་ཁང་གཉེར་སྐྱོང་། ཞིང་ལས་འཕྲུལ་ཆས་བོགས་གཏོང་སོགས་ཀྱི་བྱ་བར་དམིགས་ནས་མཚོ་བྱང་ཁུལ་འཇུ་ལག་རྫོང་དུ་ཡོང་ནས་བརྟག་ཞིབ་མཛུབ་ཁྲིད་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།

ཀྲང་ཞའོ་ཅུན་འཁོར་དང་བཅས་པ་སྔ་རྗེས་སུ་ཧའོ་མའེ་དང་གྲེ་མ། སྲིབ་ཞིང་། ཆུ་མིག་ཀླད་བཅས་མཁོ་ཚོང་ཁང་དང་དེ་བཞིན་མཁོ་ཚོང་གི་རྒྱུན་སྤྱོད་དངོས་རྫས་སྡེབ་སྐྱེལ་ལྟེ་གནས། ཚྭ་ལས་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་གསེར་མདོག་འཇུ་ལག་ལྗང་མདོག་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། འཇུ་ལག་རྫོང་ཚད་ལྡན་ཅན་ནོར་ལུག་བཤས་ར། འཇུ་ལག་རྫོང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཚད་ཡོད་སྤྱི་གཉེར་ཁང་། བྱང་རི་ཞིན་ཡོན་ཞིང་བཟོ་ཚོང་དོན་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་སོགས་སུ་བསྐྱོད་དེ་ཡུལ་དངོས་ནས་བརྟག་ཞིབ་བྱས་ཏེ་མཁོ་ཚོང་བྱ་བ་སོ་སོ་སྒྲུབ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཀྲང་ཞའོ་ཅུན་གྱིས་མཚོ་བྱང་མཁོ་ཚོང་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་ལྷག་པར“གཞུང་ལམ་མཁོ་ཚོང”འཚོལ་ཞིབ་དང་སྒྲུབ་སྟེ། མཚོ་བྱང་གི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་ལྟེ་གནས་དང་འགྲེམས་སྟོན་ཆེད་སྒྲོམ་བཙུགས་པ་སོགས་གསར་གཏོད་བྱ་ཐབས་ལ་ཚད་མཐོའི་གདེང་འཇོག་གནང་། ཁོས་བསྟན་དོན། མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་སྣ་ཁ་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་མངོན་གསལ་དོད་ལ། ཆས་རྟགས་ཀྱི་དགེ་མཚན་མངོན་གསལ་ལྡན་ཡོད། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གིས་སྔ་ཕྱི་བར་གསུམ་དུ་ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལ་གཞི་ཚུགས་ཏེ་མཁོ་ཚོང་ཁང་གི་མཉམ་ལས་ལམ་སྲོལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཞབས་ཞུའི་རྣམ་པ་སྔར་ལས་གསར་གཏོད་བྱས་ཏེ་སྔར་བཞིན་ཐོན་རྫས་འོས་སྦྱོར་དང་ཆས་རྟགས་གསོ་སྐྱོང་། དྲ་ཐོག་ཕྱིར་ཚོང་སོགས་ཀྱི་ཐད་མཚོ་བྱང་ལ་སྲིད་ཇུས་དང་མ་དངུལ། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བྱས་ཏེ་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ཟེར།   

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གིས་དུས་ཡུན་རིང་པོར་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ནས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གི་རྒྱབ་སྐྱོར་དང་མཛུབ་ཁྲིད་ནུས་ལྡན་འོག མཚོ་བྱང་མཁོ་ཚོང་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ལྷག་པར་དུ་ཞིང་ལས་རྒྱུ་ཆ་གྲབས་གསོག་མཛོད་འཛུགས་སྐྲུན་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་མཁོ་ཚོང་མ་ལག་གི་ཕྱོགས་བསྡུས་གྲུབ་འབྲས་དཔྱད་ཞིབ་ཁྲོད་ལོ་མང་པོར་བསྟུད་མར་མདུན་གྲལ་དུ་སླེབས་ཡོད། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གིས་མཚོ་བྱང་གི་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་བྱང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྔར་ལས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་དེ། གཅིག་ནས་རྫོང་རིམ་པའི་རྒྱུན་སྤྱོད་དངོས་རྫས་སྡེབ་སྐྱེལ་ལྟེ་གནས(བར་བརྒྱུད་ས་ཚིགས)བསྐྲུན་ནས་རྒྱུན་སྤྱོད་དངོས་རྫས་ཀྱི་མུ་འབྲེལ་ཚོང་གཉེར་དྲ་བ་མཐོ་རུ་གཏོང་བ་དང་། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས་འཐུས་ཚང་དུ་གཏོང་བ་སོགས་གཙོ་གནད་བྱ་བའི་ཐད་སྲིད་ཇུས་དང་ལས་གཞི་ཡི་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གི་རྩ་འཛུགས་མ་ལག་དང་གཉེར་སྐྱོང་ཞབས་ཞུའི་དྲ་རྒྱའི་ལེགས་ཆར་བརྟེན་ནས་ཐོན་ཚོང་འབྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། "མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་བསྐྱལ་བ" "མཚོ་སྔོན་གྱི་ཐོན་རྫས་ཧྲན་ཏུང་དུ་འདྲེན་པའི"བྱ་བ་སྤེལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། མཚོ་བྱང་གི"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་དང་། རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་སྙན་པ་ཕྱོགས་བཞིར་ཁྱབ་པར་རོགས་རམ་བྱེད་དགོས། གསུམ་ནས་ཞིང་ཆེན་མཁོ་ཚོང་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་བྱེད་སྒོ་སྤེལ་བར་ཡོང་ནས། མཚོ་བྱང་དུ་གསོ་སྦྱོང་འཛིན་གྲྭ་དང་ཁེ་ལས་ཀྱི་ལོ་ཚོགས། གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤེལ་རོགས་ཟེར།

དེའི་རྗེས་སུ། ཤ་བོ་སྐྱབས་ཀྱིས་ནས་དང་ལོག་དཀར་སོགས་ཞིང་ལས་སྐྱེ་དངོས་སྐྱེ་ཚུལ་ལ་ལྟ་ཞིབ་བྱས་ཤིང་། འདེབས་འཛུགས་ཁྱིམ་ཚང་ཆེ་གྲས་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་འདེབས་འཛུགས་རྒྱ་ཁྱོན་དང་ལོ་ཏོག་གི་ཐོན་ཚད། ཉོ་སྒྲུབ་རིན་གོང་། དེ་བཞིན་སྟོན་བསྡུའི་གྲ་སྒྲིག་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་པར་མ་ཟད། ཞིང་ལས་འདེབས་འཛུགས་ཀྱི་དུས་ཚོད་དམ་འཛིན་དང་ཚན་རིག་དང་མཐུན་པའི་བཀོད་གཏོང་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཡོ་བྱད་དང་གནམ་གཤིས་སྔོན་བརྡའི་ཉེན་བརྡ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ཏེ་སྟོན་བསྡུའི་བྱ་བ་ཁྱོན་ཡོངས་ནས་ཡག་པོར་བསྒྲུབ་སྟེ་ཞིང་ལས་སྐྱེ་དངོས་བདེ་བླག་ངང་འབྲུ་མཛོད་དུ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས་ལ། དུས་མཚུངས་སུ་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ནོར་ལུག་བཤས་གཏོང་ཇེ་མགྱོགས་སུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་ཡོང་བར་འབད་བརྩོན་བྱེད་དགོས་པའི་བཀའ་བཀོད་གནང་།

ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་དང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་།  ཁུལ་ཨུའི་གཞུང་ལས་ཁང་དང་འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号