མཚོ་བྱང་ཁུལ་གྱི་རྒྱབ་སྐྱོར་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།   

ཟླ8པའི་ཚེས15ཉིན། མཚོ་བྱང་ཁུལ་གྱི་རྒྱབ་སྐྱོར་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་བྱ་བའི་ཚོགས་འདུ་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ལ། བཞུགས་མོལ་བརྗེ་རེས་དང་ཕྱོགས་སྡོམ་དབྱེ་ཞིབ། ཞིབ་འཇུག་བཀོད་སྒྲིག་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ།  ཧྲན་ཏུང་ཞིང་ཆེན་གྱི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ་རུང་ཧུང་ཀྲི་ཚོགས་འདུར་ཞུགས།      

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཚབ་བྱས་ནས་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་དང་རོགས་སྐྲུན་ས་ཁུལ། ལས་ཁུངས་བཅས་ཀྱིས་ལོ་མང་རིང་མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་ནས་བསྟན་དོན། ཁ་གཏད་མཚོ་སྐྱོར་བྱ་བ་སྤེལ་བ་ནས་བཟུང་སྐབས་རིམ་བྱུང་གི་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ནོར་སྲིད་པུའུ་སོགས་ཀྲུང་དབྱང་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཆེ་གྲས་བཞིས་མཐོ་ས་ནས་ལྟ་བ་དང་གཏིང་ཟབ་ཏུ་བསྐྱོད་པ། དོན་དངོས་ཐོག་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ནས་མཚོ་བྱང་ལ་མ་དངུལ་དང་ལས་གཞི། ལག་རྩལ། འཕེལ་རྒྱས་ཀྱི་བསམ་ཕྱོགས་བཅས་མཁོ་འདོན་བྱས་ཡོད། བདམས་མངགས་བྱས་པའི་ཁག5ཡི་ལས་བྱེད་ཤེས་ལྡན་མི་སྣ251དང་དུས་ཐུང་གི་མཚོ་སྐྱོར་ཤེས་ལྡན་མི་སྣ2172ཀྱིས་བྱ་བར་སྤྲོ་སེམས་ཀྱིས་ཁེངས་ཤིང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཧུར་ཐག་ཞུགས་པས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་སྔོན་ནས་བཟུང་ཁ་གཏད་རོགས་སྐྱོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཞིང་ཆེན་གཉིས་ཀྱི་ཏང་སྲིད་མགོ་ཁྲིད་གཙོ་བོས་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་འབྲེལ་གཏུག་གཏིང་ཟབ་དང་སྐུ་དངོས་སུ་བཀོད་སྒྲིག དོན་འཁྱོལ་སྐུལ་འདེད་གནང་མྱོང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚིགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དག་དོན་འཁྱོལ་ཞིབ་ཚགས་དང་ཕན་འབྲས་དངོས་ཐོན་པར་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། ལས་གཞིའི་བྱ་བ་སྔར་ལས་དམ་འཛིན་ཡག་པོ་བྱེད་དགོས་ཏེ། "ལྔ་བཅུ་བཞིའི"རོགས་སྐྲུན་ལས་གཞིར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་འགན་ལེན། ལས་ཞུགས་ལས་གཏོད། རིག་སྟོབས་རོགས་སྐྱོར་བཅས་གཙོ་གནད་དུ་བྱས་ཏེ"ལྔ་བཅོ་ལྔའི"རོགས་སྐྲུན་ལས་གཞི་སྔོན་ལ་ཇུས་འགོད་བྱེད་པ་དང་ལས་གཞིའི་དུས་མགོའི་ཁུངས་སྐྱེལ་ཏན་ཏིག་བྱས་ནས་འཆར་འགོད་ནང་ཚུད་པའི་ལས་གཞི་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།  སྒྲིག་བཤེར་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་རོགས་སྐྲུན་ལས་གཞི་ཚང་མར་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱེད་དགོས། བརྗེ་རེས་དང་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་ཏེ། ཁ་གཏད་མཉམ་ལས་བྱ་བའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་དང་ཕན་འབྲས་ལྡན་ཚད་ལ་དམིགས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་སྐར་ཁུང་ཡག་པོ་བསྐྲུན་པ་དང་ཚོང་འགུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཐོན་ལས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱིས་མང་ཚོགས་ལ་ཕན་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས། ས་གནས་གཉིས་ཀྱི་རིག་གནས་མཉམ་འདྲེས་ལ་ཤུགས་སྣོན་པ་དང་། མཚོ་བྱང་གི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་ངང་ཡག་པོ་སྤེལ་དགོས། ཤེས་ལྡན་མི་སྣ་གདན་འདྲེན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་ཤེས་ལྡན་མི་སྣ་གདན་འདྲེན་ཚད་སྔར་ལས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་ཤེས་ལྡན་མི་སྣ་དེ་བས་མང་བོས་མཚོ་བྱང་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་འདུན་པ་འགུག་དགོས།  "ཚོགས་སྒྲིག་རྣམ་པའི"མཚོ་སྐྱོར་བྱ་བར་སྔར་ལས་ཤུགས་སྣོན་དགོས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་མགོ་འཛུགས་ས་མཐོན་པོའི་ཐོག་ནས་ཇུས་འགོད་བྱེད་པ་དང་ཚད་གཞིའི་མཐོན་པོའི་སྒོ་ནས་བླང་བྱ་འདོན་པ། ཕན་འབྲས་མཐོན་པོ་ངང་ནས་དོན་འཁྱོལ་བྱེད་དགོས། སྨན་བཅོས་དང་སློབ་གསོ། ཞིང་ཕྱུགས་སོགས་རོགས་སྐྱོར་དང་ལེན་བྱེད་མཁན་གྱི་ལས་ཁུངས་སོ་སོས་རང་འགུལ་ངང་དཔེ་བསྡུར་ཚད་གཞིས་ལས་འགན་ངོས་འཛིན་རྩིས་ལེན་བྱས་ཏེ་བྱ་བའི་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་དོན་འཁྱོལ་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་དོ་དམ་ཞབས་ཞུའི་འགན་སྲུང་ལ་སྔར་ལས་ཤུགས་སྣོན་དགོས་ཏེ། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་བྱེད་པ་དང་། བྱ་བའི་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་པ། འཚོ་བའི་ཐད་སྤྲོ་སེམས་ལྡན་པའི་ཐུགས་ཁུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ནུས་པ་འདོན་སྤེལ་དང་ལས་སྒྲུབ་ལས་གཏོད། འཚར་ལོངས་ཡར་ཐོན་བཅས་ཡོང་བར་གནས་སྟངས་གཏོད་པ་དང་ཁོར་ཡུག་བསྐྲུན་པ། གར་སྟེགས་འདོན་སྤྲོད་བཅས་བྱ་དགོས་ཟེར། 

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། མིག་སྔར་མཚོ་བྱང་ཁུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐར་ཁུང་དུས་རིམ་གལ་ཆེན་ཞིག་ཏུ་གནས་ཡོད་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དངོས་སྒྲུབ་འགན་ཁུར་དང་ཐུན་མོང་འབད་བརྩོན་བྱེད་དགོས་ཏེ། ཁ་གཏད་རོགས་སྐྱོར་བྱ་བར་མུ་མཐུད་དམ་པ་དོན་གཉེར་གྱིས་སྐུལ་འདེད་ནུས་ལྡན་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་མཉམ་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མཉམ་ལས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། མུ་མཐུད་དུ་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྨན་བཅོས་དང་སློབ་གསོ། ཞིང་ཕྱུགས། མཚོ་སྐྱོར་བཅས་ལ་སྐུལ་འདེད་གཏོང་དགོས། སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་ཐབས་དེ་སློབ་སྦྱོང་དཔྱད་གཞིར་འཛིན་གང་ཐུབ་བྱས་ཏེ་ད་ཡོད་ཀྱི་རྨང་གཞིའི་ཐོག་ཧྲན་ཏུང་གི་ཤེས་ལྡན་མི་སྣ་དང་རིག་གཞུང་ཚན་ཁག ཚན་རྩལ་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་སྔར་ལས་ལྷག་པར་བྱས་ནས་མཚོ་བྱང་འཕེལ་རྒྱས་གཏོང་བའི"ཞན་ཆ"མགྱོགས་མྱུར་ཁ་གསབ་བྱེད་དགོས། མཚོ་སྐྱོར་ལས་བྱེད་པར་མུ་མཐུད་དུ་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཞབས་ཞུ་དང་དོ་དམ། ལྟ་སྐུལ་བཅས་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་མཚོ་བྱང་དུ་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒྲུབ་ལས་སྐྲུན་བྱེད་དུ་འཇུག་དགོས་ཟེར།

ཧྲི་ཧུང་ཀྲན་གྱིས་ཞིང་ཆེན་ཡོངས་ཀྱི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས།  རུང་ཧུང་ཀྲི་ཡིས2022ལོའི་ཚུན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་ཁྱབ་བརྡ་བཏང་། མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་ཚབ་ལིའུ་ཀྲེན་ཁྲོན་དང་རིན་ཁྲུང་ཧྥུའུ། ལི་ཧུང་ཀོང་། སུང་ཞན་བཅས་ཀྱིས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་བའི་ཁྱབ་ཁོངས་ཐད་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་གནང་། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་ཨུའི་ལས་བྱེད་པ་རྒན་གྲས་ཅུས་བཅས་ཀྱིས"ལྔ་བཅུ་བཞིའི"རོགས་སྐྲུན་ལས་གཞི་ལ་སྐུལ་འདེད་བཏང་བའི་གནས་ཚུལ་དང་། ཁུལ་ལུས་གསོ་ལྟེ་གནས་བེད་སྤྱོད་བྱས་པའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཚོ་བྱང་གི་ཤེས་ལྡན་མི་སྣའི་ལས་ཤག་འཛུགས་སྐྲུན་དང་བེད་སྤྱོད་བྱས་པའི་གནས་ཚུལ་བཅས་སོ་སོར་སྙན་སེང་ཞུས།

ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཧོ་པིན། མ་ཝུན་ཆོན། ཁྲིན་ཡུང་ཅེ།  ཁུལ་རྒྱབ་སྐྱོར་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། མདོ་ལ་རྫོང་དང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི། རྫོང་སོ་སོའི་རྫོང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་། ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྐྱོར་ལས་བྱེད་པ། ཁ་གཏད་རོགས་སྐྱོར་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་མཚོ་སྐྱོར་ལས་བྱེད་པ། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་སྨན་བཅོས་དང་སློབ་གསོ། ཞིང་ཕྱུགས་བཅས་ཀྱི་ཤེས་ལྡན་མི་སྣའི་འཐུས་མི་བཅས་ཚོགས་འདུར་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号