ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ཚོགས་པ།

ཟླ8པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་ཞུར་གསན་ནས་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་དང་། གོམ་སྟབས་རྗེས་མའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་ངལ་སེལ་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་ཟེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་གྲོས་ཚོགས་སུ་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ལོ་སྟོད་ཀྱི་དཔལ་འབྱོར་གཞི་གྲངས་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་སོ་སོ་ལེགས་སྒྲུབ་བྱས་ཚུལ་ལ་བལྟས་ན། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་བརྟན་པོའི་ཁྲོད་ལེགས་པའི་ཕྱོགས་སུ་འཕེལ་པའི་རྣམ་པ་མངོན་མོད་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྔར་བཞིན་ཧ་ཅང་མང་པོ་ཡོད། ལྷག་པར་དུ་བཟོ་གཏེར་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་ཆག་པ་དང་ཚད་ལོན་ཡན་གྱི་ཁེ་ལས་གསོ་སྐྱོང་བྱས་པ་མི་འདང་བ། བསྟུད་མར་འཕར་ཤུགས་ཞན་པ། ལས་གཞི་གལ་ཆེ་རིགས་གྲབས་གསོག་བྱེད་རྒྱུ་མི་འདང་བ། མ་འཇོག་འཕར་སྣོན་ཡོང་བའི་གཏིང་ཤུགས་བཅས་མི་འདང་བ། ཆུ་ལོག་དང་སེར་བ་སོགས་རང་བྱུང་གནོད་འཚེ་དང་ནོར་ལུག་གི་ཤའི་རིན་གོང་ཆག་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རོང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བའི་གནོན་ཤུགས་ཆེ་རུ་ཕྱིན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་རུ་ཕྱིན་ཡོད་ཟེར།


ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། དུས་བབ་ཀྱི་ཛ་དྲག་རང་བཞིན་དང་བྱ་བའི་གལ་ཆེའི་རང་བཞིན། དུས་ཚོད་ཀྱི་དགོས་གཏུག་རང་བཞིན་བཅས་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་བརྡར་ཤ་གཅོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། འགན་འཁྲི་སྔར་བས་དམ་དུ་གཏོང་བ་དང་དཔལ་འབྱོར་འཁོར་སྐྱོད་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་གསར་པ་དང་འཕེལ་ཕྱོགས་གསར་པ། འགལ་བ་གསར་པ་བཅས་ལ་དམ་པོར་དམིགས་ནས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ཏན་ཏིག་སྤྱད་དེ་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་དམིགས་འབེན་འགན་སྲུང་དང་གནས་འཕར་བརྩོན་ལེན་བཅས་བྱས་ནས་དཔལ་འབྱོར་གྱི་དམིགས་ཚད་སོ་སོ་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས་ཏེ། གཅིག་ནས"གནད་དོན་བཅོས་སྒྲིག"ལ་དམིགས་དགོས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་དང་གཙོ་གནད་བྱ་བར་སྐུལ་འདེད་བཀོད་གཏོང་ཚོགས་འདུའི་ཐོག་བཏོན་པའི་གནད་དོན་བཅོས་སྒྲིག་བྱ་བ་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་མཐར་ཕྱིན་སྤེལ་པ། ལྷག་པར་དུ"ཡོང་འབབ་གཉིས"ལ་དམིགས་ནས་ནོར་ལུག་བཤས་གཏོང་གི་བྱ་དགའི་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་འདོན་སྤེལ་བྱས་ཏེ་ཕྱུགས་རིགས་བཤས་གཏོང་ཚད་ཉིན་རེའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ནས་བཤས་གཏོང་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ནོར་ལུག་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ་པེ་ཅིང་དང་ཧྲན་ཏུང་། ཟི་ལིང་བཅས་ས་ཁུལ་གསུམ་གྱི་འབྲེལ་གཏུག་ཁྲུའུ་ཡི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་འབྲེལ་མཐུད་རྒྱ་ཁྱབ་ཏུ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཁྱབ་གདལ་དང་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་ལུག་བཤས་གཏོང་ལ་སྐུལ་འདེད་གཏོང་པ། ནས་དང་ལོག་དཀར་སོགས་ཞིང་ལས་སྐྱེ་དངོས་གཙོ་བོའི་སྟོན་དུས་དོ་དམ་དང་སྟོན་བསྡུའི་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་འབྱུང་བར་བྱེད་དགོས། ཕྱུགས་ལས་ཀྱི་རྒྱུད་བཟང་ཁ་གསབ།གཟན་རྩྭ་དང་གཟན་ཆས་ཀྱི་བྱ་དགའི་ཁ་གསབ། རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའ་སོགས་ཞིང་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་རང་བཞིན་གྱི་མ་དངུལ་སྣ་ཚོགས་དུས་ཐོག་ཏུ་འདང་ངེས་སྤྲད་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ལ་འགན་ལེན་ཏན་ཏིག་བྱ་དགོས། གཉིས་ནས“ཐོན་སྐྱེད་གཉིས་པ་མཐོར་འདེགས”ལ་དམིགས་དགོས། ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་སོགས་སྡེ་ཁག་དང་སྙན་སེང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣོན་པ། མཚོ་སྔོན་སྐྱེད་འདྲེན་སྡེ་ཚོགས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཧེ་ཐར་གཏེར་ཁུངས་ཀྱི་གནས་པའི་དཀའ་ངལ་གྱི་གནད་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། གཏེར་རིའི་ལྗང་མདོག་སླར་གསོ་དང་སོལ་མ་ཁང་འཛུགས་སྐྲུན་སོགས་སྐྱེ་ཁམས་སླར་གསོའི་བྱ་བར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རོགས་སྐྱོར་དང་དཀའ་ངལ་སེལ་རོགས་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕུལ་བྱུང་ལ་རོགས་སྐྱོར་དང་སྟོབས་ལྡན་གསོ་སྐྱོང་བྱས་ནས་ཆུ་དམར་འགག་བཟོ་ལས་གླིང་ཁུལ་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཞིན་ཧོ་པོ་ཡོན་གཏེར་འདེམས་ཚད་ཡོད་སྤྱི་གཉེར་ཁང་གི་བདེ་འཇགས་ཐོན་སྐྱེད་བྱ་བ་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ། ཧའེ་ཐའེ་རྡོ་སོལ་ལས་རིགས་དང་ཧའེ་ཞིན་གསེར་གཏེར་སོགས་ཁེ་ལས་ཀྱིས་ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་བྲིན་ཚོང་གི་དམིགས་ཚད་གསར་པར་རྡབ་རྡེག་གཏོང་རྒྱུར་སྐུལ་མ་གཏོང་དགོས།  ནུས་རྒྱུ་གཙང་མའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་འཛུགས་སྐྲུན་གྱི་དམིགས་ཚད་གསར་པ་བརྩོན་ལེན་ཧུར་ཐག་བྱས་ཏེ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པར་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གསུམ་ནས"ཡུལ་སྐོར་རྒྱ་ཆེར་གཏོང་རྒྱུ"ལ་དམིགས་དགོས། ཡུལ་སྐོར་འཛད་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་སྨོན་ལམ་མཐོན་པོ་རྐང་བགྲོད་འགྲན་སྡུར་ཆེན་མོ་དང་སྨོན་ལམ་མཐོན་པོ་མདའ་བཞིའི་རོལ་དབྱངས་དུས་ཆེན་སོགས་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་ནས་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས། དགུན་དུས་ཀྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཇུ་ལག་གངས་དཀར་རི་བོ་དང་མདོ་ལའི་སྟོང་སོ་ནགས་ཀློང་། རྐང་ཚའི་ཞལ་དཀར་རི་བོ། དགོ་དམར་རྟེན་གཞི། མདའ་བཞིའི་ཤྭ་ལུང་ཆུ་མཛོད་ཙོང་ཆུའི་མགོ་ཁུངས། སྟོང་མདའ་ཐང་ཆུ་མཛོད། དམག་སྒར་བཅུ་གཉིས། སྨོན་ལམ་མཐོན་པོ་རུ་དགུན་དུས་ཀྱི་ཡུལ་སྐོར་བྱེད་སྒོ་ཇུས་འགོད་བཅས་བྱས་ཏེ་དགུན་དུས་ཡུལ་སྐོར་གྱི"གནས་མཆོག་དང་པོར"འདེམས་པའི་མིང་བྱང་བརྩོན་ལེན་བྱེད་དགོས། བཞི་ནས"ལས་གཞི་འཛུགས་སྐྲུན"ལ་དམིགས་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བཀོད་གཏོང་དམ་འཛིན་དང་ཆད་དངུལ་ཁ་གསབ། འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཕན་ནུས་ལྡན་པའི་མ་འཇོག་རྒྱ་ཆེར་གཏོང་བ། ཁུལ་ཡོངས་ཀྱི་མ་འཇོག་འབོར་ཆེན་བརྟན་པོ་ཡོང་བར་བྱེད་དགོས་པ་དང་ལས་གཞི་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་ཐུམ་སྒྲིལ་ཇུས་འགོད་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ལས་གཞི་ཆེ་གྲས་དང་ལས་གཞི་ཡག་པོ་ཁག་གཅིག་ལ་གན་རྒྱ་འཇོག་རྒྱུ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྔ་ནས"དམིགས་ཚད་ལས་འགན"ལ་དམིགས་དགོས། ཁུལ་དམིགས་ཚད་དཔྱད་ཞིབ་གཞུང་ལས་ཁང་གིས"ལོ་མཇུག+དུས་རྒྱུན"གྱི་བྱེད་ཐབས་སྤྱད་དེ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་པ། དུས་ཐོག་ཏུ་བཀོད་གཏོང། དུས་བཀག་ལྟར་ཁྱབ་བརྡ་གཏོང་བ་བཅས་ལ་ཤུགས་བསྣོན་པ་ལས་ན་ནིང་གི་དཔྱད་ཞིབ་སྐར་གྲངས་ཤོར་བ་དང་ད་ལོའི་དུས་ཚོད་ཕྱེད་ཀ་ལས་བརྒལ་ཡང་ལས་འགན་ཕྱེད་ཀ་ལས་བརྒལ་མེད་པའི་དཔྱད་ཞིབ་ལས་གཞི་ལ་དམིགས་ནས་དོན་ཚན་རེ་རེ་བཞིན་ལས་འགན་དོན་འཁྱོལ་དང་རྗེས་སྙེག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་འབྲས་ལ་བརྟེན་ནས་བྱ་དགའ་ཆད་གཅོད་དོན་འཁྱོལ་དང་དཔྱད་ཞིབ་ལ་བརྟེན་ནས་འགན་འཁྲི་ལྡོག་སྐུལ་བྱས་ཏེ་གཏན་འཁེལ་བྱས་པའི་དམིགས་ཚད་དེ་མཚམས་ཚིགས་ལྟར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་གོང་རིམ་སྡེ་ཁག་དང་འབྲེལ་གཏུག་སྙན་སེང་ཞུ་རྒྱུར་ཤུགས་བསྣོན་པ་དང་ལོ་མགོའི་དམིགས་ཚད་ལས་འགན་དང་བསྡུར་ནས་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་བྱས་ཏེ་ལེགས་ཆའི་དམིགས་ཚད་སྔོན་ཐོན་བརྩོན་ལེན་དང་ཉམས་ཞན་དམིགས་ཚད་ནང་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། "རེའུ་མིག་གཅིག་དང་དཔེ་རིས་གཅིག གསལ་ཐོ་གཅིག་དང་ལམ་སྲོལ་གཅིག"དོན་འཁྱོལ་ནན་མོ་བྱས་ཏེ་ལས་འགན་ཁག་བགོས་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་བྱ་བའི་འགན་འཁྲི་ནན་དུ་གཏོང་བ། བཀོད་གཏོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་འཁོར་སྐྱོད་ཁྲོད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་གནད་ལ་འཁེལ་བའི་ངང་སེལ་བ་དང་ནུས་ཤུགས་ཡོད་རྒུས་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ལ་གནོད་འཚེ་ཕོག་པ་དང་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་ཆག་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཉུང་དུ་གཏོང་བ། ཐོན་ལས་ཀྱིས་སྐུལ་ཁྲིད་དང་ལས་མི་ལས་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནོར་ལུག་བཤས་གཏོང་ཚད་མགྱོགས་སུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་དགོས། ལས་ཡུན་ལྡོག་སྒྲིག་དང་འགེལ་རིས་དམག་འཐབ་བྱས་ཏེ་ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཐོན་ལས་སྲིད་ཇུས་དང་མ་འཇོག་ཕྱོགས་སྟོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་ལས་གཞིའི་དུས་མགོའི་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་ལས་གཞི་དེ་བས་མང་བ་ཞིག་རྒྱལ་ཁབ་དང་ཞིང་ཆེན་གྱི་འཆར་གཞིའི་ནང་འཇུག་པར་བརྩོན་ལེན་བྱེད་དགོས། བསྡོམས་རྩིས་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་བསྣན་ནས་གཅིག་གྱུར་ཡོང་བ་བྱེད་དགོས་རིགས་གཅིག་གྱུར་ཡོང་བར་བྱེད་པ་དང་། གལ་ཆེ་ལ་ཆད་ལུས་མེད་པར་བྱས་ཏེ་གཞི་གྲངས་ཀྱི་དངོས་ཡོད་རང་བཞིན་དང་ཕྱི་རོལ་ཡུལ་གྱི་རང་བཞིན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མངོན་པར་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་དང་ལི་ཞན་རུང་ཚོགས་འདུར་ཞུགས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་གཞོན་པ། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号