ཕུའུ་ཅིང་གིས་བཀའ་རྒྱ་འདིར་མིང་རྟགས་བཀོད།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས16ཉིན་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་དེ་ཨུ་རུ་སུའི་དྲག་པོའི་སྟོབས་ཤུགས་ཀྱི་སྒྲིག་ཁོངས་མི་གྲངས2389130བར་མང་དུ་བཏང་བ་དང་། དེའི་ནང་ཁྲི150ནི་དམག་དོན་མི་སྣ་རེད། ཙུང་ཐུང་གིས་ད་དུང་ཨུ་རུ་སུའི་སྲིད་གཞུང་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་བརྒྱུད་ནས་ཨུ་རུ་སུའི་རྒྱལ་སྲུང་པུའུ་ལ་གྲོན་དངུལ་གཏོང་དགོས་པའི་འགན་དཀྲིས་པ་རེད། 2023ལོའི་ཟླ12པར་ཨུ་རུ་སུའི་དྲག་པོའི་སྟོབས་ཤུགས་ཀྱི་སྒྲིག་ཁོངས་མི་གྲངས2209130བར་མང་དུ་ཕྱིན་པ་དེའི་ནང་དམག་དོན་མི་སྣ་ཁྲི132ཚུད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号