ཞི་བདེ་མཉམ་དུ་སྐྲུན། འབྱུང་འགྱུར་མཉམ་དུ་སྤྱོད།

ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དེ་ལས་ཚོགས་ཞུགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཁྲོད་དུ་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་སྟེ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་སྐྲུན་ཆེད་ཐུན་མོང་གི་ངོས་འཛིན་ཟབ་ཏུ་སོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ཡོད།

ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཟབ་གཏོང་ཐད་པེ་ཅིང་ཤང་ཧྲན་གླེང་སྟེགས་ཀྱིས་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དེ་ཐོག་ནས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་མཚོན་གྱི་འདུག་ཅེས་བརྗོད་པ་རེད།

སྐབས་འདིའི་གླེང་སྟེགས་སུ་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་ཙམ་གྱི་གཞུང་ཕྱོགས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་ཁབ་ཁག་གི་ལྟ་ཞིབ་པ་སོགས་སྐུ་མགྲོན1800ལྷག་ཙམ་ཞུགས་ཡོད། པེ་ཅིང་ཤང་ཧྲན་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་མུ་མཐུད་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་དང་རྩེར་སོན་གྱི་བདེ་འཇགས་དང་འགོག་སྲུང་ལས་དོན་གྱི་སྐད་ཆ་ཤོད་རེས་ཀྱི་སྟེགས་བུར་རིམ་བཞིན་འགྱུར་འགྲོ་ཡི་ཡོད།

“དེང་དུས་འཛམ་གླིང་གིས་མཉམ་གླེང་དང་། མཉམ་ལས། མཉམ་སྐྲུན་བཅས་བྱ་རྒྱུའི་རེ་འབོད་བྱེད་ཀྱི་ཡོད”ཅེས་རྟེན་འབྲེལ་འཕྲིན་ཡིག་ཉན་རྗེས་ཧྥི་ཅིའི་དྲག་ཆས་དཔུང་སྡེའི་སི་ལིང་ཆུང·ཁ་ལུའོ་ཉི་ཝེར་མྱོང་ཚོར་ཟབ་མོས་བཤད་ཅིང་། ཁོང་གིས“རྟེན་འབྲེལ་འཕྲིན་ཡིག་ནང་འཁོད་པ་ལྟར། པེ་ཅིང་ཤང་ཧྲན་གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་། སྒོ་དབྱེ། བསྟུན་མཁས། དཔྱད་འཛིན་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་ཁབ་འབྲིང་ཆུང་ལ་འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་ཐུན་མོང་ཐོག་སྐད་ཆ་ཤོད་སའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།

གླེང་སྟེགས་སུ་ཞུགས་མཁན་སིང་ཀ་ཕོར་གྱི་རྒྱལ་སྲུང་པུའི་པུའུ་ཀྲང་ཧོང་ཡུང་ཧུང་གིས། ཀྲུང་གོའི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཀྲུང་གོས་ཀྱང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་ཡོད། པེ་ཅིང་ཤང་ཧྲན་གླེང་སྟེགས་དེ་ཉིད་གོ་ལ་ཧྲིལ་པོའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།

2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་ཐོག་མར་བཏོན་གནང་བ་དང2022ལོར་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་སྔར་ལས་ལྷག་པའི་སྒོ་ནས་བཏོན་གནང་ཡོད།

“ལོ་རྒྱུས་ཐོག་ཀྲུང་གོ་གཏོར་བཤིག་གཏོང་མཁན་གྱི་འབྱུང་རྩ་གཏན་ནས་མིན་པར་ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་མཁན་ཞིག་བྱས་ཡོད”ཅེས་ཨ་ཧྥུ་ཀ་ནི་སི་ཐན་འཕེལ་རྒྱས་དང་ཞི་བདེ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་ཀྲུའུ་རེན་དབྱི་ཐི་ཀྲར·ཧ་ཏི་མུའུ་ཡིས་བརྗོད་པ་དང་། ཁོང་གིས་རྟེན་འབྲེལ་འཕྲིན་ཡིག་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་དེ་བས་བདེ་འཇགས་ཀྱི་འཛམ་གླིང་སྐྲུན་པར་སྐུལ་འདེད་གཏོང་ཆེད་གཞོལ་བའི་འགན་འཁྲི་འཁུར་སེམས་དང་ཕུགས་ཀྱི་མིག་རྒྱང་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད། སླད་ཕྱིན་རྒྱལ་ཁབ་ཁག་གིས་ཀྲུང་གོ་ལྟ་བུའི་འཛམ་གླིང་གི་བདེ་འཇགས་དོན་གཉེར་བྱེད་མཁན་གྱི་རྒྱལ་ཁབ་ཆེན་པོ་དང་མཉམ་དུ་མིའི་རིགས་ཀྱི་ལ་རྒྱ་དང་འདྲ་མཉམ་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་དོན་གཉེར་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

“དེང་གི་འཛམ་གླིང་ཐོག་གི་བལྟས་ཚོད་ཙམ་གྱིས་བར་འདུམ་བྱེད་དཀའ་བའི་འགལ་བ་དང་གདོང་གཏུག་མང་པོ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྒྲོམ་གཞིའི་ནང་ནས་ཐག་གཅོད་བྱེད་པའི་ཇུས་གཞི་རྙེད་ཐུབ”ཅེས་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་ཡོ་རོབ་མནའ་འབྲེལ་དང་ཁུལ་ཁོངས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཚུའེ་ཧུང་ཅན་གྱིས་བརྗོད་པ་དང་། ཁོང་གིས་རྒྱལ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ཚང་མས་མིའི་རིགས་ཀྱི་ཐུན་མོང་གི་འབྱུང་འགྱུར་ཆེད་མཉམ་དུ་འབད་བརྩོན་བྱས་ཏེ། འདུ་ཤེས་དང་། སྲིད་ཇུས། བྱ་སྤྱོད་བཅས་ཀྱི་ཐོག་ནས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དངོས་འབྲེལ་ཆགས་པར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཞི་བདེ་མཉམ་དུ་སྐྲུན། འབྱུང་འགྱུར་མཉམ་དུ་སྤྱོད། ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་ལ་ཚད་མཐོའི་ཐུགས་ཁུར་གནང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། མི་རྣམས་ཀྱིས་འབྱུང་འགྱུར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号