ཕྱི་འབྲེལ་པུའི་གཞུང་ཚབ་པ་དང་ཚན་ཙན་གྱི་སློབ་སྦྱོང་འཛིན་གྲྭས་མཚོ་བྱང་དུ་བརྟག་ཞིབ་རྟོག་ཞིབ་གནང་པ།

ཟླ8པའི་ཚེས16ནས་ཚེས17ཉིན་བར། ལྗར་པན་དུ་བཅའ་སྡོད་བྱས་པའི་གཞུང་ཚབ་པ་ཝུའུ་ཅང་ཧོ་ཁོངས་མི་ཡིན་པའི་ཕྱི་འབྲེལ་པུའི་དུས་ཐེངས་གསུམ་པའི་གཞུང་ཚབ་པ་དང་ཚན་ཙན་གྱི་སློབ་སྦྱོང་འཛིན་གྲྭ་འཁོར་དང་བཅས་པའི་མི46དེ་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཀྲི་ཀྲུང་། ཀྲུའུ་རིན་གཞོན་པ་ལིག་ཁྲང་གི་ཕེབས་རོགས་འོག་མཚོ་བྱང་ཁུལ་དུ་བརྟག་ཞིབ་རྟོག་ཞིབ་ལ་ཕེབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་བརྟག་ཞིབ་རྟོག་ཞིབ་བྱེད་སྒོར་ཕེབས་རོགས་གནང་།

བརྟག་ཞིབ་སྐབས།  ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཐོག་མར་ཝུའུ་ཅང་ཧོ་སོགས་གཞུང་ཚབ་པ་མཚོ་བྱང་དུ་བརྟག་ཞིབ་རྟོག་ཞིབ་ཏུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པར་མ་ཟད། ཏང་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་སྐབས་སུ།  ཕྱི་འབྲེལ་པུའི་ཏང་ཨུའི་ཕྱི་རྒྱལ་ལས་དོན་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་གཞུང་ཚབ་པ་དང་ཚན་ཙན་གྱི་སློབ་སྦྱོང་འཛིན་གྲྭ་འཁོར་དང་བཅས་པ་མཚོ་བྱང་ལ་བརྟག་ཞིབ་རྟོག་ཞིབ་ཏུ་ཕེབས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རོགས་རམ་བྱས་ཤིང་། དེས་ཕྱི་འབྲེལ་པུས་མཚོ་བྱང་གི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གང་ལེགས་བྱས་པ་མཚོན་ལ། གཞུང་ཚབ་པ་དང་ཚན་ཙན་རྣམ་པས་ཐེངས་འདིའི་བརྟག་ཞིབ་རྟོག་ཞིབ་བརྒྱུད་མཚོ་བྱང་གི་ཉེ་སར་བཅར་བ་དང་མཚོ་བྱང་ལ་རྒྱུས་ལོན་བྱས་པ། མཚོ་བྱང་ལ་དོ་ཁུར་བྱས་པར་མ་ཟད། མཚོ་བྱང་གི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བ་དང་། ཕྱི་ཕྱོགས་དང་བརྗེ་རེས་མཉམ་ལས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་རྩ་གཟིགས་ནད་བརྟག་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཕྱི་འབྲེལ་པུའུ་ཡིས་ལོ་མང་རིང་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་སྲུང་སྐྱོབ་ལ་རོགས་རམ་བྱས་པ་དང་སློབ་སྦྱོང་འཛིན་གྲྭའི་གཞུང་ཚབ་པ་དང་ཚན་ཙན་རྣམ་པས་མཚོ་བྱང་གིས་སྤུས་ཚད་མཐོ་བའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ཐད་དང་། གསར་བརྗེའི་ཡུལ་སྐོར་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་ལ་ཐབས་འདོན་ཇུས་འབུལ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། བརྟག་ཞིབ་ལ་འགྲོ་རོགས་བྱེད་སྐབས་བསྟན་དོན། མཚོ་བྱང་གིས་གསར་བརྗེའི་སློབ་གསོ་དང་སྐྱེ་ཁམས་ཁོར་ཡུག རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འཐབ་ཇུས་ལ་རང་འགུལ་ཞབས་འདེགས་ཞུས་ཏེ་མཚོ་བྱང་གིས་བྱས་རྗེས་འཇོག་པ་དང་། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འཐབ་ཇུས་ནང་ཧུར་ཐག་ཞུགས་པའི་ཁྲོད་མཚོ་བྱང་འཕེལ་རྒྱས་ལ་རྒྱལ་ཁ་ལེན་རྒྱུ་ཡིན་ཟེར། དེ་དང་ཆབས་ཅིག་ཕྱི་འབྲེལ་པུའུ་ཡིས་གསར་བརྗེའི་སློབ་གསོ་རྟེན་གཞི་དེ་མཚོ་བྱང་དུ་སྒོ་བྱང་འགེལ་བའི་འབྲེལ་ཡོད་ལས་དོན་ལ་ཝུའུ་ཅང་ཧོ་སོགས་གཞུང་ཚབ་པར་བསམ་ཚུལ་བརྗེ་རེས་གཏིང་ཟབ་གནང་།

སློབ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ་དང་དྲུག་པ་རུ་གསར་བརྗེའི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་དང་། དཀོན་ལོ་ཚང་གོང་མ་སྡེ་བ་དང་ཁེ་རམས་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོ་རྟེན་གཞི། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ར་གདོང་ཆེ་བ་དོ་དམ་སྲུང་སྐྱོབ་ས་ཚིགས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་རྟེན་གཞི་སོགས་ས་ཆ་རུ་མཚོ་སྔོན་པོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་སོགས་ཁྱབ་ཁོངས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུན་ལོན་བྱས། རྟོག་ཞིབ་བརྟག་ཞིབ་སྐབས་སུ། གཞུང་ཚབ་པ་དང་ཚན་ཙན་རྣམ་པས་མཚོ་བྱང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། གསར་བརྗེའི་ཉམས་ཞིབ། གྲོང་གསེབ་དར་སྤེལ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་བླངས་ཟིན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ་བསྟན་དོན། མཚོ་བྱང་ནི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་ཡིན་པར་མ་ཟད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྙིང་སྟོབས་ཀྱི་བཙན་ས་ཡང་ཡིན་པས། ཐེངས་འདིའི་བརྟག་ཞིབ་དང་རྟོག་ཞིབ་ལ་སློབ་གསོ་ཟབ་མོ་ཐེབས་ཤིང་ཐོབ་བྱ་མང་།  བག་ཆགས་ཟབ་ལ་བརྗེད་པར་དཀའ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་རང་རང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་རང་འགུལ་གྱིས་མཚོ་བྱང་དྲིལ་སྒྲོག་དང་འོས་སྦྱོར་ཧུར་ཐག་བྱས་ནས། མཚོ་བྱང་འཕེལ་རྒྱས་སྐུལ་འདེད་དང་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཕྱོགས་ལ་འབྲེལ་ཟམ་བཙུགས་ནས་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་ཡིན་ཟེར།

ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་དང་ལི་ཞན་རུང་། མདོ་ལ་རྫོང་དང་རྐང་ཚ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁུལ་གནའ་ཤུལ་གཞུང་སྒྲུབ་ཁང་དང་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགན་འཁུར་བློ་མཐུན་བཅས་ཀྱིས་བརྟག་ཞིབ་རྟོག་ཞིབ་བྱེད་སྒོར་སོ་སོར་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号