【གསར་བརྗེའི་ཉམས་ཞིབ།】རྐང་ཚ་རྫོང་གི་གྲོང་གསེབ་དར་སྤེལ་གཏོང་བའི་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭར་འཚོགས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་གཞི་གདངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་བྱ་བ་གཏིང་ཟབ་ལག་བསྟར་བྱེད་པ། ལས་གཏོད་ཀྱི་སྙིང་སྟོབས་དང་ཕྱུག་འགྱུར་གྱི་ནུས་པ་ལྡན་པའི་སྣེ་ཁྲིད་པའི་དཔུང་ཁག་གསོ་སྐྱོང་བྱེད་པ།  གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་བཅས་གཏོང་ཆེད། ཟླ8པའི་ཚེས12ཉིན། རྐང་ཚ་རྫོང་ཨུའི་རྩ་འཛུགས་པུའུ་དང་། རྫོང་འཕེལ་རྒྱས་བཅོས་སྒྱུར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུས། རྫོང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་རྐང་ཚ་རྫོང་གི་གྲོང་གསེབ་དར་སྤེལ་གཏོང་བའི་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭར་འཚོགས་མགོ་བརྩམས་ལ།  རྐང་ཚ་རྫོང་གི་སྡེ་ཁག་སོ་སོ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་གྲོང་གསེབ་དར་སྤེལ་གྱི་སྣེ་ཁྲིད་པ78ཐེངས་འདིའི་གསོ་སྦྱོང་ལ་ཞུགས།    

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན6ཡིན་ཞིང་། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལྟ་སྦྱོང་སློབ་སྦྱོང་། ཞིབ་བསྡུར་བརྗེ་རེས། དྲ་ཐོག་སློབ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་གསོ་སྦྱོང་འཚོགས་རྒྱུ་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གདན་ཞུ་བྱས་ནས《གཞི་གྲངས་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བ》དང《མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས》 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྩ་ཆེའི་ལོ་རྒྱུས་ཉམས་མྱོང》སོགས་ཆེད་དོན་སློབ་ཚན་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་། ལྟ་སྦྱོང་སློབ་སྦྱོང་གི་གོ་རིམ་སྟོང་སྐོར་རྫོང་དུ་བསྐྱོད་དེ་ཡུལ་དངོས་སློབ་ཁྲིད་བྱེད་སྒོ་སྤེལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号