ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱ་བསྐྱེད)ཚོགས་འདུ་འཚོགས།
རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་། ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་གསལ་ཞུ་བྱས།
ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་བར་མ་ཟད་དཔྱད་བརྗོད་གཏམ་བཤད་གནང་། ཀྲང་ཧྲིང་ཡོན་ཚོགས་འདུར་སླེབས།
ཟླ1པོའི་ཚེས16ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(རྒྱ་བསྐྱེད)ཚོགས་འདུ་འཚོགས་ནས། <<ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུའི་འབྲེལ་ཡོད2024ལོའི་ལོ་འཁོར་མོའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱས་ཚུལ་སྐོར་གྱི་སྙན་ཞུ།>>ལ་ཉན་པ་དང་འབྲེལ་རྫོང་སོ་སོའི(ཞིང་ར)ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའི་ཧྲུའུ་ཅིའི2024ལོའི་ལོ་འཁོར་མོའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལག་བསྟར། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་གསལ་ཞུ་བྱས་ཤིང་དཔྱད་མོལ་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་བར་མ་ཟད་འབྲེལ་ཡོད་དཔྱད་བརྗོད་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཆན་གོ་ཆིང་། ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུང་ཀྲི་ཅོན་ཚོགས་འདུར་སླེབས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་ལས་བྱེད་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་ཁྲང་ཡུས་ལན་དང་། ཁྲུའུ་ཀྲང་གཞོན་པ་ཅང་ཕིང་ཚོགས་འདུར་སླེབས་ནས་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ་བྱ་བར་མཛུབ་ཁྲིད་གནང་བ།
ཚོགས་འདུའི་ཐོག རྫོང་ཏང་ཨུའི་ཧྲུའུ་ཅི་སོ་སོས་རེ་རེ་བཞིན་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས་པ་དང་། ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིས་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས་ཤིང་། ཤ་བོ་སྐྱབས་ཀྱིས་དཔྱད་བརྗོད་བྱེད་སྐབས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། གནད་དོན་གྱི་ཧེ་བག་དྲང་མོར་བསྟན་ཞིང་བྱ་བའི་བླང་བྱ་བཏོན་པ་རེད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་བོ་དང་བརྟན་པོ་བཙུགས་ནས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས་བཅས་ཀྱི་བྱ་བར་གྲུབ་འབྲས་གསར་བ་ཐོབ་པར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་ལེའུ་ལ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་ཕྱོགས་ཡོངས་ནས་དམ་ཟབ་བྱེད་དགོས་པ་དང་འགན་འཁྲི་གཙོ་བོ་བློ་བརྟན་འགྱུར་མེད་ངང་འཁུར་བ། འགན་འཁུར་པ་དང་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ། སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅི་ལེགས་འདེམས་དང་སྟོབས་ལྡན་དུ་གཏོང་བ། “ཁེ་ལས་གཉིས་དང་གསར་བ་གསུམ”ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱ་བ་གསར་གཏོད་སྐུལ་འདེད་གཏོང་བ། ཏང་གི་ཁྱོན་ཡོངས་མགོ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོ་སོའི་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། “ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ”བརྒྱུད་དེ“སྐྱེ་ཁམས་མཛེས་པ”དང“ཐོན་ལས་དར་བ།” “བཅོས་སྐྱོང་ལེགས་པ།” “མང་ཚོགས་ཕྱུག་པ”བཅས་མངོན་འགྱུར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཅས་བྱས་ཏེ། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས“གཏེར་མཛོད”བེད་སྤྱོད་ཡག་པོ་བྱས་ནས་སྤྱོད་གཙང་རིག་གནས་ཀྱི“གདོང་ལེན་གཡུལ་སར”སློབ་གསོའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས་དང“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་གི་གཡུལ་ས་སྟོབས་ཆེར་དང་བརྟན་སྲུང་། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཏང་གིས་འདུ་ཤེས་འཛིན་སྟངས་བྱ་བའི་ཐད་ཀྱི་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི“མེ་འགོག་གྱང”ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས་ཟེར།
ཁྲང་ཡུས་ལན་གྱིས་མཚོ་བྱང་གི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ་མཚོ་བྱང་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་མངོན་གསལ་དོད་པའི་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམ་འཛིན་ནུས་ལྡན་བྱས་ཏེ། མཚོ་བྱང་གི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་པ་དང་ལྷག་པར་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་དམ་འཛིན་ནན་མོ་དང་དམ་འཛིན་ཏན་ཏིག་བྱས་ཤིང་། ཁྱད་ཆོས་ལྡན་པ་དང་མ་ལག་གྲུབ་པས་མཚོ་བྱང་ཁུལ་ཨུས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་བྱ་བའི་གཞི་རྟེན་དམ་འཛིན་ཏན་ཏིག་བྱས་ཡོད་ལ། གནད་དོན་ཐག་གཅོད་དངོས་བྱས་པས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་གང་ལེགས་མཚོན་ཡོད། 2025ལོར་གཞི་རིམ་ཏང་འཛུགས་སྐྱོང་བྱ་བས་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དགོས་པ་དང་། བྱེད་པོའི་འགན་འཁྲི་ནན་དུ་དཀྲིས་བ། སྡེ་བ་རིམ་པའི་རྗེས་གྲབས་ཤེས་ལྡན་མི་སྣ་གསོག་འཇོག་དང་གསོ་སྐྱོང་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི"སྡེ་བ་སྟོབས་ཆེར་གཏོང་བའི"བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་ནན་གྱིས་སྐྱོང་རྒྱུ་དེ་གཞི་རིམ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གིས་ཆོས་ལུགས་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྣེ་ཁྲིད་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཟེར།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཡོན་མགོ་ཁྲིད་བློ་མཐུན། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཚོགས་འདུར་སླེབས་ཡོད། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཨུའི་ཏང་རྩ་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། རྫོང(ཞིང་ར)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཨུས་མངག་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། "འཐུས་མི་གཉིས་དང་ཨུ་ཡོན་གཅིག"དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི། མཚོ་བྱང་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་སྨྱན་སྦྱོར་གསར་འགོད་པའི་ས་ཚིགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注