ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ནུས་རྒྱུ་སྡེ་ཚོགས་དང་ཆིང་ཏའོ་གྲོང་ཁྱེར། ཝེ་ཧྥང་གྲོང་ཁྱེར། ཡན་ཐའེ་གྲོང་ཁྱེར་བཅས་སུ་བསྐྱོད་དེ་ཚོང་འགུག་གྲོས་མོལ་དང་རྟོག་ཞིབ་སློབ་སྦྱོང་བྱས།

ཟླ4པའི་ཚེས16ཉིན་ནས་ཚེས18ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ནུས་རྒྱུ་སྡེ་ཚོགས་དང་ཆིང་ཏའོ་གྲོང་ཁྱེར། ཝེ་ཧྥང་གྲོང་ཁྱེར། ཡན་ཐའེ་གྲོང་ཁྱེར་བཅས་སུ་བསྐྱོད་དེ་ཚོང་འགུག་གྲོས་མོལ་དང་རྟོག་ཞིབ་སློབ་སྦྱོང་བྱས། དེའི་རིང་། ཝེ་ཧྥང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུན་དང་། ཝེ་ཧྥང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ལིའུ་ཅན་ཅུན། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཆིང་ཏའོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཙིན་ཙན་རུང་། ཆིང་ཏའོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་མེང་ཆིན་པིན། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཡན་ཐའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཅང་ཁྲིན། ཡན་ཐའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ཀྲིན་ཏེ་ཡན་བཅས་ཀྱིས་སྔ་རྗེས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཧྲན་ཏུང་ཞིང་ཆེན་ནུས་རྒྱུ་སྡེ་ཚོགས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་སྡེ་ཚོགས་ཀྱི་ཚན་རྩལ་འགྲེམས་ཁང་དུ་ལྟ་སྐོར་བྱས་ཤིང་། སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཀྲིག་ཧུང་དང་མཉམ་དུ་ཁེ་ལས་དང་མཚོ་བྱང་གཉིས་ཀྱི་མཉམ་ལས་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་གནང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་ཐོན་ཁུངས་ཀྱི་གནས་ཚུལ་དང་ཐོན་ལས་ཀྱི་བཀོད་པ་ངོ་སྤྲོད་བྱས་ལ། སྡེ་ཚོགས་ཀྱིས་མཚོ་བྱང་དུ་རྡོ་སོལ་དང་མེ་གློག ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་དང་ཁྱུ་ཚོགས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་། "འཕུར་མཆོང་དཔལ་འབྱོར"འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཏོན་པར་མ་ཟད། སྡེ་ཚོགས་ཀྱིས་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་ཡོང་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སློབ་གསོ་གསོ་སྦྱོང་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས། ཀྲིག་ཧུང་གིས་སྡེ་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཐོན་ལས་བཀོད་སྒྲིག ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ནས་བཤད་རྒྱུར། ཆེད་ལས་ཚོགས་པ་མགྱོགས་མྱུར་སྒོས་སྒྲིག་འཛུགས་བྱས་ནས་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་ཀྱི་བྱ་བ་སྦྲེལ་མཐུད་དང་། ཅིན་ཏུང་རིམ་པ་གཉིས་པའི་སྤྱི་གཉེར་ཁང་གི་གློག་རྡུལ་ཚོང་དོན་ལས་སྟེགས་དང་མཐུན་སྦྱོར་བྱས་ཏེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་རོགས་རམ་བྱ་རྒྱུ་ཡིན་ལ། སྡེ་ཚོགས་ཀྱི་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་སོང་སྟེ་གསར་བརྗེའི་སྙིང་སྟོབས་ཀྱི་སློབ་གསོ་གསོ་སྦྱོང་བྱས་ཏེ་གྲོས་མོལ་གྱི་དོན་ཚན་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཝེ་ཧྥང་གྲོང་ཁྱེར་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་དབྱང་ཁྲུན་སྦི་རག་ཚད་ཡོད་སྤྱི་གཉེར་ཁང་དང་། ཧྲན་ཏུང་ཀྲུང་ཅི་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་། ཅ་ལེ་ཅ་ཞིང་ལས་ཐོན་རྫས་ལས་སྣོན་སྡེབ་སྐྱེལ་ལྟེ་གནས། ཧྲོང་དབྱང་དེང་རབས་ཞིང་ལས་འཕེལ་རྒྱས་ལྟེ་གནས་ཆན་ཆུའེ་ཀྲོང་སྡེ་བ་སོགས་སུ་བསྐྱོད་དེ་རྟོག་ཞིབ་བྱས་ལ། ཡུལ་དངོས་ནས་ཁེ་ལས་འཕེལ་རྒྱས་དང་ཐོན་ལས་བཀོད་སྒྲིག ཁྲོམ་རའི་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཆན་ཆུའེ་ཀྲོང་སྡེ་བའི་ཆན་ཆུའེ་འགྲེམས་སྟོན་ཁང་དང་ཏུང་ལི་ཞིང་རའི་ཕྱོགས་བསྡུས་རྣམ་པར་ལྟ་སྐོར་བྱས། ཤ་བོ་སྐྱབས་ཀྱིས་ཝེ་ཧྥང་ཟས་རིགས་ལས་སྣོན་ཐོན་ལས་ལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་གསར་གཏོད་སོགས་ཀྱི་ཐད་ལེགས་ཆ་མང་པོ་ཡོད་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་ཚད་མཐོའི་མཐུན་པོ་ཡོད་པའི་ངོས་འཛིན་བྱས། མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་ཁུངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནོར་གནག་དང་བོད་ལུག ནས་དང་གྲོ་མ། གྲང་འཁྱག་སྔོ་ཚལ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་མགོ་ཚུགས་ས་ཡང་དག་བཙལ་ནས་ཝེ་ཧྥང་དང་ཐོན་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྷག་པར་འཇུ་ལག་རྫོང་གིས་འཇུ་ལག་ཏུ་དབྱང་ཁྲུན་སྦི་རག་འཕེལ་རྒྱས་གཏོང་བར་ཞབས་ཞུའི་འགན་སྲུང་ཡག་པོ་བྱས་ཏེ་གྲོ་མ་དང་ནས་ཀྱི་སྦི་རག་ཐོན་ལས་སྟོབས་ཆེར་གཏོང་དགོས། རྫོང་སོ་སོས་ཆན་ཆུའེ་ཀྲོང་སྡེ་བའི་རིག་ནུས་ཞིང་ལས་དང་ལྟ་སྐོར་ཞིང་ལས། གྲོང་གསེབ་ཡུལ་སྐོར་སོགས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཉམས་མྱོང་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་ཤིང་། འཇུ་ལག་གི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ། རྩྭ་ཐང་སྐྱེ་ཁམས་ཕྱུགས་ར་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས“ཕྱུགས་རར་ལྟ་སྐོར་དང་དམངས་སྲོལ་རོལ་མྱོང་། སྐྱེ་ཁམས་ཉམས་ཞིབ”བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་ནས་རྒྱུན་མཐུད་སྒོས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤུས་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། 

ཆིང་ཏའོ་གྲོང་ཁྱེར་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་ཐེན་ཡོན་མ་འཇོག་སྡེ་ཚོགས་དང་ཧྲན་ཏུང་ཧའེ་དབྱང་སྡེ་ཚོགས་རྒྱལ་སྤྱིའི་མཚོ་འགྲུལ་ལྟེ་གནས་བཅས་སུ་ཕེབས་ནས་ཡུལ་དངོས་ནས་རིག་ནུས་རྩིས་ནུས་དང་རིག་ནུས་དྲོད་འདོན། ནུས་རྒྱུ་གསར་སྤེལ། དེ་བཞིན་ཧའེ་དབྱང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཆིང་ཏའོ་མཁོ་བསྟུན་བདེ་འཇགས་རིག་གནས་ཐོན་ལས་གླིང་ལ་ལྟ་སྐོར་བྱས་པ་དང་། “ཆུ་འབྲུག”ཐག་པས་རོགས་སྐྱོབ་ལག་རྩལ་སྦྱོང་བརྡར་བྱེད་པའི་རྣམ་པར་བལྟས་ནས་བདེ་འཇགས་མཁོ་བསྟུན་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཤ་བོ་སྐྱབས་ཀྱིས་ཆིང་ཏའོ་ཡི་ནུས་རྒྱུ་ཐོན་ལས་ཀྱི་འཕེལ་རྒྱས་སྟོབས་ཆེ་བ་དང་མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུའི་ཐོན་ལས་འཁོར་འབྲེལ་འཐུས་ཚང་བ། མཁོ་བསྟུན་ཐོན་ལས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བས་རིག་ནུས་རྩིས་ནུས་དང་གྲང་སྦྲེལ་ཟོག་འགྲུལ། མཁོ་བསྟུན་ཐོན་ལས་སོགས་ཐད་མཚོ་བྱང་དང་མཉམ་ལས་བྱེད་པའི་མདུན་ལམ་རྒྱ་ཆེན་པོ་ཡོད་པའི་ངོས་འཛིན་བྱས་ལ། ཐེན་ཡོན་མ་འཇོག་སྡེ་ཚོགས་དང་འབྲེལ་གཏུག་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རིག་ནུས་རྩིས་ནུས་ལྟེ་གནས་དང་གཅིག་བསྡུས་རྣམ་པའི་རླུང་གློག་སོགས་ལས་གཞི་ལག་བསྟར་དངོས་འབེབས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འཇུ་ལག་རྫོང་གིས་མཚོ་སྔོན་རྒྱལ་ཁབ་མ་འཇོག་དང་ཆུ་གྲང་ཉ་གསོ་སྤེལ་ཐད་ཀྱི་འབྲེལ་གཏུག་འབྲེལ་སྦྱོར་དང་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཉེའུ་གསོ་སྐྱོང་དང་ཉ་གསོ་སྤེལ་སོགས་བྱེད་ནུས་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ནུབ་བྱང་གི་ཆུ་གྲང་ཉའི་ཉེའུ་མཁོ་སྤྲོད་བྱ་ཡུལ་གལ་ཆེན་ཞིག་ཏུ་བསྐྲུན་དགོས། གླིང་ཁུལ་གྱི་མཁོ་བསྟུན་དོ་དམ་དང་གནོད་འགོག་གནོད་སེལ་སོགས་ཐད་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ལག་རྩལ་སློབ་སྦྱོང་བྱེད་དགོས་པ་དང་། ལྷག་པར221རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁང་གསོན་སྒྱུར་བེད་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཧའེ་ལི་ཡ་སྡེ་ཚོགས་དང་འབྲེལ་གཏུག་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་མཁོ་བསྟུན་ཉམས་ལེན་དང་སློབ་གསོ་གསོ་སྦྱོང་། མཁོ་བསྟུན་ཞབས་ཞུ་སོགས་ཐད་མཉམ་ལས་བརྗེ་རེས་འཚོལ་ཞིབ་བྱེད་དགོས་ཟེར།

ཡན་ཐའེ་གྲོང་ཁྱེར་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ཡུལ་དངོས་ནས་ལུང་ཏ་སྡེ་ཚོགས་དང་ཀྲང་ཡུས་ཁ་སི་ཐི་ཆང་ཁང་། དབྱི་ཐུང་མི་མེད་གནམ་གྲུ་མ་ལག་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཧའེ་དབྱང་སྡེ་ཚོགས་རྨོ་འདེབས་རྒྱ་མཚོ་ཨང1པོའི་ཧའེ་དབྱང་ཕྱུགས་རའི་ལས་གཞི་བཅས་ལ་རྟོག་ཞིབ་གནང་། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཡན་ཐའེ་གྲོང་ཁྱེར་ལ་ཟས་རིགས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་འཕེལ་རྒྱས་དང་ཆང་གི་ཐོན་རྫས་བསྙལ་བ། མི་མེད་གནམ་གྲུ་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་སོགས་ཀྱི་ཐད་སྔོན་ཐོན་གྱི་ཉམས་མྱོང་དང་རྣམ་པ་ལྡན་ཞིང་། ལྷག་པར་དུ་ཧའེ་དབྱང་ཕྱུགས་རའི་ལས་གཞི་སྐྲུན་པ་དེས་ཉ་ལས་དང་ཡུལ་སྐོར། ཚན་རིག་ཞིབ་འཇུག་སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་པས། ལུང་ཏ་སྡེ་ཚོགས་ཀྱི་མགོ་ནས་མཇུག་བར་གྱི་ཟས་རིགས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ་དང་། ཁེ་ལས་དང་མཉམ་ལས་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ཏེ། མཚོ་བྱང་གི་མཐོ་སྒང་རྫས་མཆོག་ལ་བརྟེན་ནས་སྔོན་བཟོས་ཚལ་སོགས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཕྱུགས་ཐོན་ལས་ཀྱི་སྦྲེལ་ཐག་རིམ་སྤོར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དབྱི་ཐུང་མི་མེད་གནམ་གྲུ་ཚད་ཡོད་སྤྱི་གཉེར་ཁང་དང་གྲོས་མོལ་ཧུར་ཐག་བྱས་ཏེ་མདོ་ལ་གནམ་ཐང་དུ་མཐོ་སྒང་གི་མཚོ་འཕགས་མཐོ་བའི་གཤིས་ནུས་ཚད་ལེན་ཚོད་ལྟ་བྱས་ནས་མི་མེད་གནམ་གྲུས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རྩྭ་ཐང་མེ་འགོག བྱི་བའི་གནོད་འཚེ་འགོག་བཅོས་སོགས་མངའ་ཁོངས་ཀྱི་རྣམ་པ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་རྫོང་བཞིའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ཐོན་ལས་གླིང་ལ་བརྟེན་ནས“ཚན་རིག་ཞིབ་འཇུག་རྟེན་གཞི+སྐྱེ་ཁམས་ཉམས་ཞིབ+ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་རྣམ་པ་བཏོད་དེ། མཐོ་སྒང་རྣམ་པའི“རྨོ་འདེབས་རྒྱ་མཚོ་ཕྱུགས་ར”འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་གཏོད་རྒྱུའི་འཆར་འགོད་བྱས་ཏེ། རྒྱུན་མཐུད་སྒོས“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཆིང་ཏའོ་དང་ཝེ་ཧྥང་། ཡན་ཐའེ་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་སོ་སོར་རྟོག་ཞིབ་ལ་ཕེབས་རོགས་བྱས་པ་དང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་སངས་འབུམ། ལི་ཞན་རུང་བཅས་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号