སློབ་གསོ་པུའུ་ཡིས2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི“དགུན་གནང་གི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སེམས་དྲོད་འགུལ་སྐྱོད”སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།
ས་གནས་སོ་སོའི་མཐོ་སློབ་ཁག་གིས་དགུན་གནང་གི་བར་སྐབས་བེད་སྤྱོད་གང་ལེགས་བྱས་ནས། ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་སྔར་བས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཉེ་སྔོན་སློབ་གསོ་པུའུ་ཡིས་བརྡ་སྦྱོར་པར་འགྲེམས་བྱས་ནས། ས་གནས་སོ་སོའི་མཐོ་སློབ་ཁག་གིས2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི“དགུན་གནང་གི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སེམས་དྲོད་འགུལ་སྐྱོད”གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་བྱས།
ད་ཐེངས་ཀྱི་འགུལ་སྐྱོད་དེ“ལས་ཞུགས་ཞབས་ཞུ་རྒྱུན་ཆད་མེད་པར་སྤེལ་ནས་དགུན་གནང་དུ་བརྩེ་སེམས་སྐྱེལ་ཏེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། ལས་ཞུགས་ལས་གནས་གནད་ལ་འཁེལ་བའི་སྒོ་ནས་སྐྱེལ་བར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་མཛུབ་ཁྲིད་ཞིབ་ཚགས་ཡག་པོ་བྱེད་པ། ལས་ཞུགས་རོགས་རམ་ཞིབ་ཕྲ་བྱེད་པ། ལས་ཞུགས་དངོས་སྦྱོང་ཧུར་ཐག་སྤེལ་བ་སོགས་ཀྱི་བྱེད་སྒོ་བཞི་བརྒྱུད་དེ། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ལས་ཞུགས་ལས་གནས་གནད་ལ་འཁེལ་བའི་སྒོ་ནས་སྐྱེལ་བར་སྐུལ་འདེད་བཏང་། དགུན་གནང་རིང་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས(https://www.ncss.cn/)གྱིས་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་བཅས་ཀྱི་དྲ་ཐོག་གི་ཆེད་དོན་གདན་ཞུའི་བྱེད་སྒོ་ཐེངས་12སྔ་རྗེས་སུ་སྤེལ་རྒྱུ་ཡིན་པ་རེད། ས་གནས་སོ་སོའི་མཐོ་སློབ་ཁག་གིས་ཧྲུའུ་ཅི་དང་། སློབ་གྲྭའི(སློབ་གླིང)མགོ་ཁྲིད་ཚན་པའི་ཁོངས་མིས“ཁེ་ལས་ལ་འཚམས་འདྲི་དང་ལས་གནས་ཇེ་མང་དུ་གཏོང་བ”དང“ས་གནས་ལ་འཚམས་འདྲི་དང་ལས་གནས་ཇེ་མང་དུ་གཏོང་བ”སོགས་བརྒྱུད་དེ་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་ཀྱི་ཐོན་ཁུངས་གསར་འབྱེད་དང་བསྡུ་རུབ་བྱས། མཐར་ཕྱིན་སློབ་མའི་ལས་ཀ་འཚོལ་བའི་འཕེལ་རིམ་དང་ལས་ཞུགས་ཀྱི་འདོད་བློ་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས་མཐར་ཕྱིན་སློབ་མར་རང་འགུལ་ངང་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་སྐྱེལ་བར་སྐུལ་འདེད་བཏང་།
ལས་ཞུགས་མཛུབ་ཁྲིད་ཞིབ་ཚགས་ངང་ལེགས་པོར་བསྒྲུབས། ས་གནས་སོ་སོའི་མཐོ་སློབ་ཁག་གིས་སློབ་གསོ་པུའི“དྲ་སྦྲེལ+ལས་ཞུགས་མཛུབ་ཁྲིད”ཀྱི་སྤྱི་ཕན་ཐད་གཏོང་སློབ་ཚན་སོགས་ཐོན་ཁུངས་གང་ལེགས་སྤྱད་དེ། རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། སྲིད་ཇུས་གསལ་འགྲེལ་དང་རང་གི་ལོ་རྒྱུས་མདོར་བསྡུས་བཟོ་བ། ངོ་རྒྱུག་ཟུར་ཁྲིད་བྱེད་པ། ལས་འཚོལ་རྩལ་ནུས་སོགས་ཀྱི་ཐད་ནས་མཐར་ཕྱིན་སློབ་མར་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས“དྲ་ཐོག་སློབ་ཚན”དང“དྲ་ཐོག་མཛུབ་ཁྲིད”མཁོ་འདོན་བྱས་ཡོད། སློབ་གྲྭའི་ལས་དོན་ཚོགས་ཆུང་དང་ལས་ཞུགས་དོ་དམ་སྟེགས་བུ་སོགས་བརྒྱུད་དེ། མཐར་ཕྱིན་སློབ་མར་ལས་ཞུགས་གནད་དོན་དང་ལས་ཞུགས་འགྲོ་ལུགས་ཀྱི“དྲ་ཐོག་བློ་འདྲི”དང“དྲ་ཐོག་ལས་སྒྲུབ”མཁོ་འདོན་བྱས། སློབ་གྲྭའི་སློབ་མའི་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དགུན་གནང་དུ་སློབ་གྲྭར་སྡོད་པའི་སློབ་མར་ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་སྣ་མང་ཅན་མཁོ་འདོན་བྱས། མཐར་ཕྱིན་སློབ་མའི་ལས་ཀ་འཚོལ་པའི་ལས་ཞུགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ལས་ཞུགས་ལྟ་བར་ཁྲིད་སྟོན་དང་སེམས་ཁམས་མཛུབ་ཁྲིད་ཡག་པོ་བྱས།
ལས་ཞུགས་རོགས་རམ་ཞིབ་ཚགས་བྱས། དགུན་གནང་རིང་སློབ་གསོ་པུའུ་ཀྲུང་དབྱང་ཆེད་དོན་རྒྱན་ཤོག་སྤྱི་ཕན་གྲོན་དངུལ་གྱི“ཕུགས་འདུན་དོན་གཉེར་ལ་རོགས་སྐྱོར་བྱེད་པའི་འཆར་གཞིའི”རྒྱལ་ཡོངས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་པ་གསོ་སྦྱོང་དྲ་རྒྱའི་ལས་སྟེགས(https://hzzh.chsi.com.cn/)ཐོག་དྲ་ཐོག་གསོ་སྦྱོང་སློབ་ཚན་མུ་མཐུད་དུ་འདོན་རྒྱུ་ཡིན་པ་རེད། ས་གནས་སོ་སོའི་མཐོ་སློབ་ཁག་གིས་དབུལ་སྒྲོལ་ཁྱིམ་ཚང་དང་། འཚོ་བའི་འགན་བཅོལ་ཁྱིམ་ཚང་། ལས་ཞུགས་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་ལས་ཞུགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མཐར་ཕྱིན་སློབ་མ་སྒྲིག་འཛུགས་བྱས་ནས། དྲ་ཐོག་དང་ཡུལ་དངོས་ཀྱི་ལས་ཞུགས་གསོ་སྦྱོང་ནང་ཧུར་ཐག་ཞུགས་པར་རྩ་འཛུགས་བྱས། “མི་གཅིག་ལ་ཡིག་ཚགས་གཅིག”དང“མི་གཅིག་ལ་ཐབས་ཇུས་གཅིག”གི་བླང་བྱ་གཞིར་བཟུང་། རོགས་རམ་ལས་དོན་གྱི་རྩིས་ཐོ་བཙུགས་ནས་ཁྱིམ་ཚང་དང་སློབ་གྲྭའི་མཉམ་འགུལ་དང་། འཚམས་འདྲིར་བསྐྱོད་པ། དཔལ་འབྱོར་རོགས་སྐྱོད། ལས་གནས་འོས་སྦྱོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། སེམས་ཤུགས་དང་བརྩེ་སེམས་ཀྱིས“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་རམ་ལེགས་པོར་སྤེལ་ཏེ། མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་པ་ཏན་ཏིག་ངང་ཇེ་མཐོར་བཏང་བ་དང་ལས་ཞུགས་ཡིད་ཆེས་ཆེ་རུ་གཏོང་བར་རོགས་རམ་བྱས།
ལས་ཞུགས་དངོས་སྦྱོང་ཧུར་ཐག་གིས་སྤེལ། ས་གནས་སོ་སོའི་མཐོ་སློབ་ཁག་གིས་དགུན་གནང་གི་སྐབས་མཐར་ཕྱིན་སློབ་མ་སློབ་གྲྭ་དང་ཁ་བྲལ་ནས་ཕ་ཡུལ་དུ་ལོག་པའི་དུས་ཚོད་དམ་འཛིན་བྱས་ཏེ། མཐར་ཕྱི་སློབ་མ་ཁེ་ལས་དང་བྱ་ལས་སྡེ་ཚན་དང་། ཚན་རྩལ་གླིང་ཁུལ། དངོས་སྦྱོང་རྟེན་གཞི། གཞི་རིམ་འཐབ་ས་དང་པོ་སོགས་སུ་དངོས་སྦྱོང་ལག་ལེན་དང་། སྤྱི་ཚོགས་བརྟག་དཔྱད་ཞིབ་འཇུག དང་བླངས་ཞབས་ཞུ། ལས་རིགས་གསོ་སྦྱོང་སོགས་ཀྱི་བྱེད་སྒོར་ཞུགས་པར་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ། མཐར་ཕྱིན་སློབ་མའི་ལས་གནས་ཁོར་ཡུག་རྒྱུས་མངའ་དང་ལས་གནས་ཀྱི་དགོས་མཁོ་ཤེས་པ། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། སྔ་མོ་ནས་ལས་ཞུགས་བྱེད་པ་བཅས་ལ་རོགས་རམ་བྱས།
བརྡ་སྦྱོར་ནང་། ས་གནས་སོ་སོའི་མཐོ་སློབ་ཁག་གིས་ས་གནས་དེ་གའི་སློབ་གྲྭའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་དང་། ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་ནས། དགུན་གནང་གི་ལས་ཞུགས་ཞབས་ཞུ་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱས་ཏེ། “སེམས་དྲོད་འགུལ་སྐྱོད”ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注