ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བཅས་སུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
ཟླ1ཚེས16ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བཅས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་རྒྱལ་ཡོངས་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། དུས་རབས་གསར་པའི་རིག་གནས་ལས་འགན་ཕྲག་ཏུ་ལེན་པ་དང་། དངོས་སྒྲུབ་བརྩོན་ལེན་གྱི་ཡར་བརྩོན་སྟོབས་ཤུགས་གཅིག་སྡུད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་དགོས་པ་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་སྤྱི་ཚོགས་ཚན་རིག་ཁང་དུ་སོང་ནས་འཕེལ་རྒྱས་བརྒྱུད་རིམ་དང་ཞིབ་འཇུག་གྲུབ་འབྲས་གལ་ཆེན་ལ་རྒྱུས་ལོན་བྱས་པ་དང་། གསར་དར་རིག་མཛོད་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་ནས། ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་ལ་རྐང་འཛུགས་པ་དང་། བྱ་བ་གཙོ་བོར་དམིགས་པ། སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱ་བ་ལེགས་པོར་སྒྲུབ་པ། ན་གཞོན་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། རིག་གཞུང་བརྗེ་རེས་མཉམ་ལས་ཟབ་སྤེལ་བཅས་བྱས་ནས། ཞིང་ཆེན་ཏང་ཨུའི་ཚན་རིག་གི་ཇུས་ཆོད་ལ་རིག་མཛོད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པར་བསྟན། དེའི་རྗེས་སུ། ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དུ་སོང་ནས་དྲ་རྒྱའི་བདེ་འཇགས་ཀྱི་འཕྲལ་བསྟུན་བཀོད་འདོམས་ལག་རྩལ་སྦྱོང་བརྡར་ལ་བལྟས་པ་དང་། དྲ་རྒྱའི་བདེ་འཇགས་དོན་རྐྱེན་གཞི་གཅིག་ཅན་གྱི་མཉམ་འགུལ་ཐག་གཅོད་སོགས་ཀྱི་གནས་ཚུལ་དྲིས་ཤིང་། ལས་བྱེད་པ་དང་ལས་བཟོ་པས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་དོགས་ཟོན་ངོས་འཛིན་དང་ཁ་གཏད་ཐག་གཅོད་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། འགག་སྒོ་སྔོན་ནུར་དང་ཉེན་ཁ་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་ཞིང་ཆེན་ཡོངས་ཀྱི་བསམ་བློའི་རིག་གནས་བྱ་བའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པར་མ་ཟད། གསར་འགྱུར་ཁྲུའུ་རུ་སོང་ནས་ལས་བྱེད་མི་སྣ་དང་བྱམས་བརྩེའི་ཁ་བརྡ་བྱས་པ་དང་། བྱ་འགུལ་གལ་ཆེན་དྲིལ་སྒྲོག་སྤེལ་གཏོང་བྱས་པའི་གནས་ཚུལ་ཞིབ་མོར་དྲིས་ཤིང་། གསར་འགྱུར་དྲིལ་སྒྲོག་གི་གཙོ་ཤུགས་ནུས་པ་ལེགས་པར་བཏོན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་དང་མཐུན་སྦྱོར་བྱེད་པ་དང་། ཁུངས་སྣེ་ཆུང་ས་ནས་བྱ་བ་ཆེན་པོ་ལེགས་པོར་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་། ཏང་དང་སྲིད་གཞུང་གི་དྲོལ་ཁོལ་ཁྱིམ་ཚང་སྟོང་ཕྲག་མང་པོར་སྐྱེལ་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་སྡུད་དང་། སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་དངོས་གཉེར་ཐད་ནུས་པ་འདོན་པ། ཏང་ཨུ་དང་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཐེག་ནུས་གཙོ་བོ་བེད་སྤྱོད་བྱེད་པ། མགོ་ཁྲིད་ལས་བྱེད་པས་མིག་དཔེ་སྟོན་པ་དང་། སློབ་སྦྱོང་བྱེད་པར་སྣེ་ཁྲིད་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་མཐོར་གཏོང་བར་སྐུལ་ཁྲིད་བྱས་ཏེ། ཞིབ་བསྡུར་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་གྱི་མདུན་ལྗོངས་ཡངས་པོར་བསྐྲུན་པ། ཕྱི་ཕྱོགས་སུ་སྣང་ཚུལ་ལེགས་པོར་བསྐྲུན་ནས་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་གཏོང་བ། ནང་ཁུལ་དུ་ནང་གནས་སྒུལ་ཤུགས་བསྐྱེད་ནས་ཐོན་སྐྱེད་ནུས་ཤུགས་གསར་སྐྲུན་བྱེད་པ། ཉིན་རེར་ཡར་ཐོན་དང་ཉིན་རེར་འཕེལ་རྒྱས་འགྲོ་བའི་མཚོ་སྔོན་གྱི་སྣང་བརྙན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་གཅིག་སྡུད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཐད་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སེམས་མཐུན་སྒོར་རིས་ཆེས་ཆེ་ཤོས་དེ་འབྲི་དགོས། དྲ་རྒྱའི་དོ་དམ་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ་དང་། དུས་ལྟར་འདུ་ཤེས་ལས་རྣམ་སྲུང་འཛིན་བྱས་ནས། གཙོ་རྒྱུན་སྨྱན་གཟུགས་ཀྱི་སྐུལ་འདེད་ནུས་པ་དང་ཚོད་འཛིན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། དྲ་རྒྱའི་དོ་དམ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་ཟབ་སྤེལ་བྱས་ནས། མུ་མཐུད་དུ་དྲ་རྒྱའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པར་དམིགས་ནས། ཁུ་ནུའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་གཏོང་བ་དང་། རྨ་ཙོང་རིག་གནས་སྔོག་འདོན་ཟབ་མོ་བྱེད་པ། རིག་གནས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་བསྐྲུན་པ། ཏང་ཡོན་ལས་བྱེད་པས་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་གཏོང་བ་དང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་བསམ་པའི་སྟོབས་ཤུགས་དྲག་པོ་འདོན་སྤྲོད་བྱེད་དགོས། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ། རིམ་པ་སོ་སོའི་མགོ་ཁྲིད་མི་སྣ་བསྐོ་བཞག་དང་བེད་སྤྱོད་གང་ལེགས་བྱེད་པ། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་ལས་བྱེད་རུ་ཁག་འཛུགས་སྐྲུན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་དོར་ཏེ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་སྲུང་སྐྱོང་གཉིས་ལག་བསྟར་བྱེད་དགོས་ཞེས་བསྟན།
ཀྲུའུ་ཞང་ཧྥིན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注