ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གྲྭ)2024ལོའི་སྟོན་དུས་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་འཚོགས་པ།
ཚེས15ཉིན་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གྲྭ)ཡིས2024ལོའི་སྟོན་ཁའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་འཚོགས་པ་རེད། ཀྲུང་དབྱང་ཏང་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གྲྭའི)སློབ་གྲྭའི(ཡོན་ཀྲང)ཁྲེན་ཞི་སློབ་ཐོན་མཛད་སྒོར་ཞུགས་པ་མ་ཟད་སློབ་མར་སློབ་ཐོན་ལག་ཁྱེར་སྤྲད།
ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྐབས་འདིའི་སློབ་ཐོན་སློབ་མ1204ཡོད། མཐར་ཕྱིན་མཛད་སྒོའི་ཐོག་སློབ་མའི་འཐུས་མི10ཡིས་གཏམ་བཤད་གནང་བ་རེད། ཚང་མས་གཅིག་མཐུན་གྱིས་གསོ་སྦྱོང་བྱེད་རིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་། ཏང་གི་རང་བཞིན་གྱི་སློབ་གསོ། འགན་འཁྲི་སྒྲུབ་པའི་ནུས་པ་གསོ་སྦྱོང་བཅས་མ་ལག་ལྡན་པའི་སྒོ་ནས་དང་ལེན་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ཤེས་རྟོགས་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱས་ཏེ། བསམ་བློའི་ཐད་ཆབ་སྲིད་དང་བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་མཐུན་རྒྱུན་འཁྱོངས་བྱེད་དགོས་པར་བསྟན། ཚང་མས་སླད་ཕྱིན་གྱི་ལས་ཀའི་ཁྲོད་རྒྱུན་འཁྱོངས་ལྷོད་མེད་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་བསྐྲུན་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་ཏང་གི་སེམས་ཁྲལ་མཉམ་སེལ། ཏང་གི་ཆེད་དུ་འགན་འཁྲི་བསྒྲུབ་པ། དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ། དུས་ཚོད་དམ་འཛིན་གྱིས་འགན་འཁྲིའི་འདུ་ཤེས་དང་ཁག་ཁུར་འདུ་ཤེས་ཐོག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ནང་ཞུགས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས། འགག་རྩའི་ལྷུ་ཚིགས་ལ་དོ་སྣང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་འཁྱོལ་དངོས་འབེབས་བྱེད་པར་འགན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་པར་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注