འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་པས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལ་དམངས་སེམས་ཐོབ་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཤུན་རང་ཞང་ལྟེ་གནས་སློབ་གྲྭ་ནི་ལོ་དགུ་རིང་ལ་ཞག་སྡོད་ཕྱེད་ཀ་བྱེད་པའི་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པ་དང་། དེའི་རྒྱ་ཁྱོན་ལ་སྤྱི་ཆིང4.53ཙམ་ཡོད་པ་དང་། སློབ་གྲྭར་སློབ་མ878ཡོད་ལ། སྒྲིག་ཁོངས་སུ་དགེ་རྒན54ཡོད་པ་རེད། སློབ་གྲྭས“ཁེངས་སྐྱུང་བརྩི་བཀུར་དང་ཀུན་སྤྱོད་སྤུས་ལེགས་མཚོན་ཆ་ཞིག་ཏུ་འགྱུར་བ”ཞེས་པའི་སློབ་གཉེར་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སློབ་གཉེར་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུར་གཞོལ་ནས་ཀུན་སྤྱོད་དང་། རིག་གནས། མཛེས་ལུགས། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཚད་ལྡན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཀྱི་ཡོད།
གྲོང་གསེབ་ས་ཁུལ་གྱི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་སློབ་གྲྭས་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་འཚོ་བཅུད་ཟས་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད། འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད“ནན་གསུམ”དང“དངོས་བཞི”གཉིས་ཀྱི་དོ་དམ་བྱེད་སྟངས་ཆགས་པ་རེད། སློབ་གྲྭ་རིམ་པའི་མགོ་ཁྲིད་ཀྱིས་བཟའ་བཅའི་རྒྱུ་ཆ་ནང་འདྲེན་གྱི་འགག་སྒོ་ནན་པོ་བཟོ་བ་དང་། འཚོ་བཅུད་ཟས་གཙོ་གཉེར་སློབ་གཙོ་གཞོན་པས་བཟའ་བཅའི་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བཟོ་བ་དང་ཟ་ཁང་དོ་དམ་པས་བཟའ་བཅའི་ལས་སྣོན་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བཟོ་བ་བཅས་ཀྱི“ནན་པོ་གསུམ”ལམ་ལུགས་ལག་བསྟར་བྱས་ནས་བཟའ་བཅའི་ནང་འདྲེན་དང་ལས་སྣོན། ཟས་མཁོ་འདོན་སོགས་ལྷུ་ཚིགས་ཁག་ཁྲོད་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་དགོས། ལས་ཞུགས་མི་སྣའི་བསམ་བློའི་ལས་སྒོའི་གསོ་སྦྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཟས་རིགས་ལ“ཉིན་ལྟར་འདྲ་བཟོ་མི་བྱེད་པའི”གཟའ་འཁོར་རེའི་ཟས་ཐོ་གྲ་སྒྲིག་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ། ཉིན་རེའི་དོ་དམ་དང་། གཟའ་འཁོར་ཞིབ་བཤེར། ཟླ་རེའི་བཀོད་གཏོང་བཅས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལམ་སྲོལ་དོན་འཁྱོལ་བྱེད་པ། རིན་གོང་འདྲི་རྩད་མགོ་ཁྲིད་ཚོ་ཆུང་གིས་འགན་འཁུར་བའི་ཟས་ཆའི་རིན་གོང་འདྲི་རྩད་ལམ་ལུགས་ཀྱི“དངོས་བཞི”དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཏེ། སློབ་མར་བྲོ་བ་ཞིམ་པོ་དང་། བདེ་ཐང་ཡིན་པ། རིན་གོང་ལུགས་མཐུན་ཡིན་པ། འཚོ་བཅུད་ཕུན་སུམ་ཚོགས་པའི་འཚོ་བཅུད་ཟ་མ་མཁོ་འདོན་འགན་ལེན་བྱེད་དགོས།
ཏ་ཐུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་དང་རྫོང་སློབ་གསོ་ཅུའུ་ཡི་རྒྱབ་སྐྱོར་དང་ལྟ་སྐུལ་མཛུབ་ཁྲིད་ཤུགས་ཆེན་འོག་སློབ་གྲྭའི་འཚོ་བཅུད་ཟས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། འཚོ་བཅུད་ཟས་ཀྱི་རིན་གོང་ཚོད་འཛིན་ནུས་ལྡན་བྱུང་བས། འཚོ་བཅུད་ཟས་རིན་གོང་ཇེ་དམའ་རུ་བཏང་ནས་སྤུས་ཚད་ཇེ་མཐོར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་ཞིང་། འཚོ་བཅུད་ཟས་ནི་སློབ་མའི་འཚོ་བཅུད་དོ་མཉམ་དང་། རིམས་འགོག་ནུས་པ་ཆེ་རུ་གཏོང་བ། སློབ་སྦྱོང་གི་ལས་ཆོད་མཐོར་འདེགས་གཏོང་བ། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་བ། མང་ཚོགས་ཡིད་ཚིམས་པའི་དམངས་ཕན་སྲིད་ཇུས་ལ་དངོས་སུ་གྱུར་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注