ཙུན་དབྱི་གྲོས་ཚོགས་འཚོགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཙུན་དབྱི་རུ་འཚོགས་པ།
ཟླ1པོའི་ཚེས15ཉིན། ཙུན་དབྱི་གྲོས་ཚོགས་འཚོགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཀུའེ་ཀྲོའུ་ཙུན་དབྱི་རུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག་བསྟན་དོན། ཙུན་དབྱི་གྲོས་ཚོགས་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་རླབས་ཆེན་གྱི་དཀྱོག་སྒྱུར་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཙུན་དབྱི་གྲོས་ཚོགས་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱེད་ཁའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་འབད་བརྩོན་ཆེན་པོས་ལེགས་པར་བསྐྱོད་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཙུན་དབྱི་གྲོས་ཚོགས་ཀྱི་བྱས་རྗེས་གལ་ཆེན་ནི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ནམ་ཡང་འགོད་ངེས་པ་དང་། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས་ལ་ནམ་ཡང་འོད་ཟེར་འཕྲོ་ངེས་ཡིན། འགྲུལ་བཞུད་གསར་པའི་ཐོག་ཙུན་དབྱི་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ“སྲུང་སྐྱོང་གཉིས”ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རང་རྟོགས་ངང་སྐུལ་འདེད་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བློ་བརྟན་འགྱུར་མེད་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་བླ་སྲོག་བསྐྲུན་པ་དང་། ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གིས་རང་ཉིད་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་རྒྱུན་འཁྱོངས་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས། མཁྲེགས་གཏོར་དཀའ་སེལ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
དྲན་གསོའི་ཚོགས་ཆེན་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་ཆབ་སྲིད་ལས་དོན་པུའུ། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུ་བཅས་ཀྱིས་གཉེར་བ་རེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། ཀུའེ་ཀྲོའུ་ཞིང་ཆེན་ལྷོ་རྒྱུད་དམག་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ལས་རིགས་ཁག་གི་མང་ཚོགས་དང་དཔུང་སྡེའི་དཔོན་དམག་འཐུས་མི་བཅས་བསྡོམས་པས་མི1000ཙམ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུ་འཚོགས་རྗེས། ལི་ཧྲུའུ་ལེ་ཡིས་ཚོགས་ཞུགས་འཐུས་མི་ཁག་གཅིག་དང་མཉམ་དུ་ཙུན་དབྱི་ཚོགས་འདུའི་གནས་ཡུལ་དང་འགྲེམས་ཁང་ལ་ལྟ་སྐོར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注