ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་ཏི་ས་ན་ཡ་ཁོ་དང་གྲོས་མོལ་གནང་བ།
ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་རི་ལན་ཁའི་ཙུང་ཐུང་ཏི་ས་ན་ཡ་ཁོ་དང་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཏི་ས་ན་ཡ་དང་ལག་འཇུ་བྱེད་བཞིན་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་རི་ལན་ཁའི་ཙུང་ཐུང་ཏི་ས་ན་ཡ་ཁོ་དང་གྲོས་མོལ་གནང་།
ཟླ1པོའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་རི་ལན་ཁའི་ཙུང་ཐུང་ཏི་ས་ན་ཡ་ཁོ་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་རི་ལན་ཁ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་གྲོགས་པོ་ཡིན། ཕྱི་འབྲེལ་བཙུགས་པའི་ལོ་ངོ68རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་བྱུང་ནས། རྒྱལ་ཁབ་མི་འདྲ་བ་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བཙུགས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས། ཀྲུང་གོ་དང་སི་རི་ལན་ཁའི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་དང་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་བདེ་སྐྱིད་སྐྲུན་ཡོད། མིག་སྔར། ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་ལ་འཕྲད་ཡོད་པས། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་སི་རི་ལན་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས་པར་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དུ་བཞག་ནས། སི་རི་ལན་ཁ་ཡིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། སི་རི་ལན་ཁ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་རང་བདག་གིས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སི་རི་ལན་ཁ་ཕྱོགས་དང་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོའི་སྐད་ཆ་བཤད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་བྱེད་དགོས། ཀྲུང་གོས་སྔར་ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ན། སི་རི་ལན་ཁའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཕྱོགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་པ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་དང་། དེང་རབས་ཞིང་ལས་དང་གྲངས་འཛིན་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གྲུབ་འབྲས་གསར་བ་བསྐྲུན་པར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། གནམ་གཤིས་འགྱུར་ལྡོག་སོགས་མིའི་རིགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་ནན་གྱིས་བསྟན།
ཏི་ས་ན་ཡ་ཁོ་ཡིས་ལོ་གསར་བའི་ནང་ཀྲུང་གོར་འཚམས་འདྲི་གནང་བར་དགའ་སྤྲོ་ཚད་མེད་སྐྱེ་བ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོར་དཔལ་འབྱོར་དང་ཚན་རྩལ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་སུ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ལ་ཡིད་སྨོན་བྱེད་བཞིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུ་བ། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་ཀྱིས་རང་བཙན་དང་བདག་དབང་། ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་ལ་རྒྱབ་སྐྱོར་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་པར་ས་ཁུལ་གྱི་འབྲེལ་མཐུད་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་བྱེད་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་སི་རི་ལན་ཁ་རུ་དངུལ་གཏོང་བྱ་གཞག་དར་སྤེལ་གཏོང་བར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་དང་རྨང་གཞིའི་སྒྲིག་ཆས་དང་། ནུས་ཁུངས། ཞིང་ལས། དངུལ་རྩ། དབུལ་པོ་ཉུང་གཏོང་། གཞི་གྲངས་ཚུལ་སྒྱུར། ཡུལ་སྐོར། རྒྱ་མཚོ། མི་སྣ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྣེ་ཁྲིད་རྒྱལ་ཁབ་གལ་ཆེན་ཡིན་པས། རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་ཕྱོགས་མང་གི་གནས་ཡུལ་དུ་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད་ཅེས་བསྟན།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་གྱི་མཉམ་ལས་འཆར་འགོད་དང་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་དང་། སྤྱི་ཚོགས་དམངས་འཚོ། གསར་འགྱུར་རླུང་འཕྲིན་བརྙན་འཕྲིན་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།
གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་རྒྱུད་ཚོམས་ཆེན་དུ་ཏི་ས་ན་ཡ་ཁོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས21འཕངས་པ་དང་གུས་ལུགས་དམག་མི་གྲལ་སྟར་བསྒྲིགས་ནས་གུས་ལུགས་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་དོན་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཏི་ས་ན་ཡ་ཁོ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟི་བརྗིད་རུ་ཁག་ལ་གཟིགས་ཞིབ་བྱས་པ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཞིབ་གནང་།
དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཏི་ས་ན་ཡ་ཁོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གི་བྱེད་སྒོར་ཞུགས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注