མདོ་ལ་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ཇེ་ནན་དུ་བཏང་།

ཉེ་བའི་ལོ་འདི་འགའི་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས། ཏང་སྲིད་འགན་མཉམ་དང་ལས་གཅིག་འགན་ཟུང་། ཐུན་མོང་མཉམ་འཛིན། དོན་རྐྱེན་འགན་ལྡན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས། ལས་རིགས་ལ་དོ་དམ་བྱེད་པར་བདེ་འཇགས་གཙིགས་སུ་འཛིན་དགོས་པ་དང་། ལས་དོན་ལ་དོ་དམ་བྱེད་པར་བདེ་འཇགས་གཙིགས་སུ་འཛིན་པ། ཐོན་སྐྱེད་དོ་དམ་བྱེད་པར་བདེ་འཇགས་གཙིགས་སུ་འཛིན་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་སྦྲེལ་ཐག་རྒྱུན་མཐུད་ཇེ་དམ་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་བརྟན་པོར་བསྐྲུན།

ལམ་ལུགས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན། རྫོང་རིམ་པའི་མགོ་ཁྲིད་ཀྱི“1+N+10”ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དང་མཉམ་འབྲེལ་སྒོས། “དྲ་མིག་ཅན་གྱི་དོ་དམ་མ་ལག”ལས་དོན་འགན་འཁྲི་སྔར་བས་ཇེ་ཞིབ་ཏུ་བཏང་ཞིང་། དུས་ཚོད་ངེས་གཏན་ནང་མགོ་ཁྲིད་ལ“བྱ་བའི་གསལ་འདེབས་བྱང་བུ”བསྐུར། ཧུར་ཐག་གིས་གཞི་རིམ་གྱི་འཐབ་ས་དང་པོར་སོང་ནས་རྟོག་འདོམས་ཞིབ་བཤེར་སྤེལ་ལ། བྱུར་རྐྱེན་གནད་དོན་གལ་ཆེན་ལ་ཡུལ་དངོས་ནས་ཐག་གཅོད་བྱས། འཕྲེད་ཀྱིས་མཐའ་ལ་ཐུག་ཅིང་གཞུང་གིས་ཞབས་ལ་སླེབས་པའི་འགན་གཙང་ལེན་གྱི་དངོས་འབེབས་ཀྱི་རྣམ་པ་བཟང་བོ་གྲུབ། 《མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་གནད་དོན་བྱུར་རྐྱེན་ཐེར་འདོན་གྱི་གཟེངས་བསྟོད་བྱ་ཐབས》བཟོས་ཤིང་། བདེ་འཇགས་ཐོན་སྐྱེད་ཐེར་འདོན་གཟེངས་བསྟོད་ལམ་ལུགས་ཀྱི་མི་དང་རྒྱུ། དངོས་པོ་སོགས་ཐད་ཀྱི་བྱ་བའི་འགན་ལེན་ལ་ཤུགས་བསྣན་ནས། སྤྱི་ཚོགས་ལས་རིགས་སོ་སོ་དང་རྒྱ་ཆེའི་མང་ཚོགས་བདེ་འཇགས་ཐོན་སྐྱེད་སྐུལ་འདོམས་ལས་དོན་ནང་ཞུགས་པར་སྐུལ་མ་བཏང་།

ཏང་སྲིད་མགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས། རྫོང་ཨུའི་རྒྱུན་ཨུའི་གྲོས་ཚོགས་དང་རྫོང་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས། རྒྱུན་ལས་གྲོས་ཚོགས་སོགས་གཅིག་བསྡུས་སློབ་སྦྱོང་ཁྲོད་བདེ་འཇགས་ཐོན་སྐྱེད་ལས་དོན་ཐེངས6ལ་སློབ་སྦྱོང་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཆེད་དོན་གྲོས་ཚོགས་རིགས་སྣ་ཚོགས་ཐེངས35བསྡུས། ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད“འགན་འཁྲིའི་གསལ་ཐོ”དང“ལས་འགན་གསལ་ཐོ”ལེགས་བཅོས་འཐུས་ཚང་དུ་བཏང་ལ། “གཏེར་རིའི་བདེ་འཇགས་ཐོན་སྐྱེད་འགན་ལེན་འགན་འཁྲིའི་ལམ་ལུགས”བཙུགས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་འཐབ་ས་དང་པོར་བསྐྱོད་ཅིང་མདུན་གྲལ་དུ་མཛུབ་སྟོན་དང་། ཡུལ་དངོས་སུ་སྐུལ་ཁྲིད་བྱས།

ལས་རིགས་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས། «མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁྲི་ལས་བགོས»གཏན་འབེབས་སྒོས་ཡུལ་གྲོང་སྲིད་གཞུང་གི་ལས་དོན་འགན་འཁྲི་དང་ཁོངས་གཏོགས་ལས་ཁུངས32ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ཚད་ལྡན་དུ་བཏང་སྟེ། ལས་རིགས11གི་གཙོ་འགན་སྡེ་ཚན་དང་ཐད་གཏོགས་ལྟ་སྐུལ་དོ་དམ་སྡེ་ཚན་ལ་དག་ཐེར་གཏན་འཁེལ་བྱས། ལས་རིགས་སྡེ་ཚན་ཁག་གིས«མདོ་ལ་རྫོང་གཏེར་རིའི་ཁེ་ལས་དང་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་ལེན་འགན་འཁྲིའི་ལམ་ལུགས་གསལ་ཐོ»གཞིར་བཟུང“དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་པ་དང་། བྱེད་ཐབས་ཤུགས་དྲག་ཏུ་བཏང་སྟེ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་།

ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས། ཁེ་ལས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲིའི་ལམ་ལུགས་བཙུགས་ཤིང་། སོལ་གཏེར་དང་རྡོ་སོལ་མ་ཡིན་པའི་གཏེར་རི། ཉེན་ཁའི་རྫས་འགྱུར་ཐོན་རྫས་སོགས་གཙོ་གནད་ཁེ་ལས་ཀྱི་འགན་ཁུར་བས་བླང་བྱ་ལྟར་བདེ་འཇགས་ཐོན་སྐྱེད་འགན་འཁྲི་རྫོགས་པར་བསྒྲུབ་པའི་དམ་བཅའ་ལག་བསྟར་བྱས། ཁེ་ལས་ལ་སྐུལ་འདེད་བཏང་སྟེ་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སློབ་གསོའི་གསོ་སྦྱོང་སོགས་ལམ་ལུགས་ཁག་ལག་བསྟར་བྱས་ཏེ། སོལ་གཏེར་དོན་རྐྱེན་གྱི་ཉེན་ཁ་དབྱེ་ཞིབ་བྱེད་པའི་སྟེགས་བུའི་མ་ལག་བསྐྲུན་ཞིང་ཞིང་ཆེན་དང་ཁུལ་ལ་དྲ་རྒྱ་སྦྲེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号