མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ཟླ8པའི་ཚེས13ཉིན། མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ལ། ཀྲེ་ཅང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པའམ་ཀྲེ་ཅང་སློབ་ཆེན་ཁྲིམས་འཛུགས་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པ། ཀོང་ཧྭ་ཁྲིམས་ལུགས་སློབ་གླིང་གི་ཞིབ་འཇུག་སློབ་མའི་ལས་དོན་སློབ་དཔོན་ལིག་ཡུང་ཧྭ་གདན་ཞུ་བྱས་ནས་ཁ་བྱང་ལ《ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་གཏན་འགན་དབང་དང་ལག་ལེན་གསར་གཏོད》ཅེས་པའི་འཆད་ཁྲིད་གནང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ལས་བཟོ་བ་ཡོངས་དང་ཁུལ་དམངས་ཆེན་གྱི་འཐུས་མི་ཁག་ཅིག་གིས་ཆེད་དོན་འཆད་ཁྲིད་ལ་ཉན།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཧའེ་ལུང་གིས་གཙོ་སྐྱོང་གནང་།

ལིག་ཡུང་ཧྭ་ཡིས“འབྲེལ་ཡོད་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་གཏན་འགན་དབང་དང་། འབྲེལ་ཡོད་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལག་ལེན་གསར་གཏོད། ཀྲེ་ཅང་ཞིང་ཆེན་དཔེར་བཞག་པ”བཅས་ཕྱོགས་གསུམ་གྱི་ཐད་ནས་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་གཏན་འགན་དབང་གི་ནང་དོན་གལ་ཆེན་གསལ་འགྲེལ་གཏིང་ཟབ་བྱས་ཤིང་། དུས་རབས་གསར་པའི་དམངས་ཆེན་བྱ་བའི་ལག་ལེན་གསར་གཏོད་ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་ལ། དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། བླང་བྱ་གསར་པ་རབ་དང་རིམ་པ་གསལ་བཤད་གཏིང་ཟབ་བྱས། དེ་དང་ཆབས་ཅིག ཀྲེ་ཅང་ཞིང་ཆེན་གྱི་དམངས་ཆེན་བྱ་བའི་ཕུན་སུམ་ཚོགས་པའི་འགན་འཁྲི་སྒྲུབ་པའི་ལག་ལེན་དཔེར་བཞག་ནས“བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ”ཞེས་པའི་གསོན་ཉམས་དོད་པའི་རིགས་པའི་གཞུང་ལུགས་སློབ་ཚན་ཞིག་ཁྲིད་ནས་ཁུལ་ཡོངས་ཀྱི་དམངས་ཆེན་བྱ་བ་ཡག་པོར་སྒྲུབ་ཆེད་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས།   

ཚོགས་འདུའི་ཐོག སློབ་སྦྱོང་བྱས་པ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་དམངས་ཆེན་བྱ་བ་ཡག་པོར་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས། དམངས་ཆེན་གྱི་ཁྲིམས་གཏན་འཁེལ་འགན་ནུས་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་ལ་དམ་པོར་དམིགས་ནས་དམངས་ཆེན་བྱ་བ་ཇུས་འགོད་དང་སྤེལ་དགོས་པ་དང་། ཏང་ཨུའི་གཏན་འབེབས་དང་གྲོས་ཆོད་དེ་ཁྲིམས་གཏན་གྱི་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདོད་བློ་དང་མི་དམངས་ཀྱི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་བར་འབད་བརྩོན་བྱས་ཏེ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུ་གཅིག་གྱུར་ཡོང་བར་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་ལྷག་པར་རྒྱུན་འཁྱོངས་དང་འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད་དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་སྔར་ལས་ལེགས་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། "སྲིད་གཞུང་གཅིག་དང་ཨུ་ལྷན་གཅིག ཁང་གཉིས"ཀྱིས་དམངས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ་ལ་སྔར་ལས་རང་རྟོགས་ངང་དང་ལེན་བྱེད་པར་སྐུལ་འདེད་བཏང་སྟེ་དམངས་ཆེན་གྱིས་བྱ་བ་སྤེལ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ"སྲིད་གཞུང་གཅིག་དང་ཨུ་ལྷན་གཅིག ཁང་གཉིས"ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱེད་པར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་དུ་ཆེད་དོན་ཟུར་ཁྲིད་ཧྲིལ་པོའི་བརྗོད་དོན་མངོན་གསལ་དང་གོ་རིམ་གསལ་ལ། ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་པ་དང་། གཏིང་གཟབ་པའི་རིགས་པའི་གཞུང་ལུགས་རྒྱས་བཤད་བྱས་ཤིང་། དོན་དངོས་དང་དམ་པོར་སྦྲེལ་ནས་འགྲེལ་བཤད་གཏིང་ཟབ་ཡོད་པས། བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་སྟོན་རང་བཞིན། ལག་ལེན་གྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་དང་། དུས་བབ་གསར་པའི་འོག་གི་དམངས་ཆེན་བྱ་བའི་གནས་ངེས་དང་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་ཆེད་བློ་སྒོ་འབྱེད་པ་དང་མཛུབ་སྟོན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པར་བཤད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号