ཤ་བོ་སྐྱབས་མདའ་བཞི་རྫོང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་གྱི་མཚོ་བྱང་ཤེས་ལྡན་མི་སྣའི་ལས་ཤག་ཏུ་བསྐྱོད་དེ་བརྟག་ཞིབ་གནང་པ།

ཟླ8པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གསེར་དངུལ་ཐང---རྡུལ་ཕྲན་མཁར་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་གྱི་མཚོ་བྱང་ཤེས་ལྡན་མི་སྣའི་ལས་ཤག་ཏུ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བྱ་བ་སྒྲུབ་ཚུལ་ལ་བརྟག་ཞིབ་གནང་།   

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱིས་གསེར་དངུལ་ཐང---རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་བར་མཉམ་ཤུགས་ཐོག་སྐུལ་འདེད་བཏང་བ་དང་། ཕྱོགས་སོ་སོས་ཐུན་མོང་ངང་འབད་བརྩོན་བྱས་པ་བརྒྱུད་ལྗོངས་ཁུལ་གྱི་མཁྲེགས་ཆས་སྒྲིག་བཀོད་དང་ཡུལ་སྐོར་བའི་ཞབས་ཞུའི་ཆུ་ཚད། ཁོར་ཡུག་འཕྲོད་བསྟེན་སོགས་རྨང་གཞིའི་བྱ་བ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། གསེར་དངུལ་ཐང---རྡུལ་ཕྲན་མཁར་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བསྡུ་འགྲེམས་འབྲེལ་མཐུད་དང་ཡུལ་སྐོར་ཞབས་ཞུ། གཉེར་སྐྱོང་དོ་དམ་སོགས་ཀྱི་ནུས་པ་འདོན་སྤེལ་མངོན་གསལ་དོད་པོ་བྱས་ཡོད། 5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱིས"བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། ཉོ་རྩེད། ཐོན་ལས། སློབ་སྦྱོང་། ཉམས་ཞིབ"སོགས་ཡུལ་སྐོར་ཞབས་ཞུའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དགོས་མཁོ་གཞིར་བཟུང་། མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཉམས་ལེན་ཚོང་ཁང་གསེར་དངུལ་ཐང---རྡུལ་ཕྲན་མཁར་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་བཅའ་སྡོད་བྱས་པས་ཡུལ་སྐོར་བས་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉོ་བ་དང་མཚོ་བྱང་གི་ཁྱད་ལྡན་ཟས་མཆོག་ཉམས་ལེན་བྱེད་པའི་དགོས་མཁོ་ཧ་ཅང་སྟབས་བདེ་བྱུང་ཡོད། གསར་དུ་བཙུགས་པའི་ཐད་གཏོང་རྟེན་གཞིས་ཡུལ་སྐོར་བས་དྲ་ཐོག་ནས"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་དང་། རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་མཚོ་བྱང་གི་ཁྱད་ལྡན་རིག་གནས་གསར་རྩོམ་ཐོན་རྫས་ཉོ་སྒྲུབ་བྱེད་པའི་ཐབས་ལམ་དེ་བས་བཏོད་དེ5Aརིམ་པའི་ལྗོངས་ཁུལ་གཏོད་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མཚོ་བྱང་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམ་པོར་དམིགས་ནས་གསེར་དངུལ་ཐང---རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུའི་ཐད་སླར་ཡང་འབད་བརྩོན་ལྷོད་མེད་བྱས་ཏེ་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་བྱ་སྤྱོད་ཀྱི་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཏེ།  གཅིག་ནས་གསེར་དངུལ་ཐང---རྡུལ་ཕྲན་མཁར་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཁ་ཆད་ཐོ་འགོད་ལམ་ལུགས་ཇེ་ལེགས་སུ་བཏང་ནས་མཚོ་བྱང་གི་དམིགས་བསལ་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཉམས་ལེན་ཚོང་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ་ཡུལ་སྐོར་བར་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་དེ་བཞིན་རིག་གནས་གསར་རྩོམ་ཐོན་རྫས་ཤེས་རྟོགས་དང་ཉམས་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ནས"ཞིང་ཕྱུགས+ཡུལ་སྐོར"གྱི་དངོས་འབྲེལ་མཉམ་འགུལ་དང་ཕན་འབྲས་ཐོན་པར་བྱེད་དགོས། གཉིས་ནས་ཟི་ལིང་གྲོང་ཁྱེར་གྱི་མཚོ་བྱང་ཤེས་ལྡན་མི་སྣའི་ལས་ཤག་ཏུ་ཁུལ་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གི་དོན་གཅོད་ཁང་མང་དུ་གཏོང་བ་དང་། རྫོང་བཞི་ཡིས་ཆེད་མི་མངགས་ནས་ཡུལ་སྐོར་དྲིལ་སྒྲོག་དང་། ཁ་ཐོར་འགྲུལ་བར་བློ་འདྲི། ལམ་ཐིག་འོས་སྦྱོར། སྣེ་ལེན་ཞབས་ཞུ་སོགས་ཀྱི་བྱ་བ་སྤེལ་ཏེ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ལས་ཤག་གི་ཚོང་ཁང་དུ་འགྲེམ་ཚོང་བྱེད་དུ་འཇུག་པ་དང་། གློག་རྡུལ་བརྙན་ཤེལ་ཆེན་པོའི་ནང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དྲིལ་སྒྲོག་བརྙན་ཐུང་དང་ཡུལ་སྐོར་ཞབས་ཞུའི་ཐད་སྦྲེལ་ཁ་པར་རྒྱུན་མཐུད་གཏོང་བ་དང་། ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་འགྲུལ་འཁོར་བཀོད་སྒྲིག་བྱས་ནས་འགྲུལ་བ་བསུ་སྐྱེལ་བྱ་བ་ཡག་པོར་སྒྲུབ་དགོས། གསུམ་ནས"ཡུལ་སྐོར་ཆེན་མོའི"འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པར་བྱས་ཏེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་ནུས་དང་ཟུང་འབྲེལ་བྱས་ནས་ཐུན་མོང་ཐོག་མཚོ་བྱང་ལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་ནུས་ཤུགས་འདོན་དགོས་པ་དང་། ཁུལ་ནོར་སྲིད་སྡེ་ཁག་གིས<<མཚོ་བྱང་ཁུལ་ནོར་སྲིད་ཀྱིས་ཐོན་ལས་གསུམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས>>ཀྱི་ལག་བསྟར་ལམ་སྲོལ་ལ་སྔར་ལས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཁུལ་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས། བཞི་ནས་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་རྣམ་མཉམ་འདྲེས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་མཛེས་ལྗོངས་ལྟ་སྐོར་ཉམས་ལེན་རྣམ་གྲངས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར། 

ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་དང་མ་རུའུ་ཞང་། ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་ནོར་སྲིད་དང་། འཕེལ་སྒྱུར། ཞིང་ཕྱུགས། བཟོ་འཕྲིན། རིག་གནས་ཡུལ་སྐོར། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། ཁུལ་རྒྱལ་ཁོངས་མ་འཇོག་གཉེར་སྐྱོང་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号