མཚོ་བྱང་དུ་དབུལ་ཐར་མི་འབོར9161ལས་གཉེར་ལས་ཞུགས་ཐུབ་པ།

ཟླ8པའི་ཚེས5ཉིན་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།    དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་ནུས་ལྡན་ཡོང་ཆེད།    མཚོ་བྱང་ཁུལ་གྱིས་བྱེད་ཐབས་སྣ་མང་དང་། བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང58ལ་མི1317ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།    ད་ལོ་ནས་བཟུང་གྲོང་གསེབ་དར་སྤེལ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང58ལ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།    འཕེལ་རྒྱས་དང་བཅོས་སྒྱུར་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་བ།  

མཚོ་བྱང་ཁུལ་གྱིས་རྫོང་ཁག་གི་ས་ཁོངས་ཁྱད་ཆོས་དང་མང་ཚོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཁྱད་ལྡན་ཅན་གྱི་གསོ་སྦྱོང་བྱེད་སྟངས་ཁྱབ་གདལ་བཏང་བ་དང“མང་ཚོགས་ཀྱིས་ཐོ་མངག་དང་ལས་ཁུངས་ཀྱིས་ཐོ་ལེན”གྱི་ཚལ་ཐོའི་རྣམ་པའི་རྩལ་ནུས་གསོ་སྦྱོང་ཁྱབ་གདལ་ཧུར་ཐག་བཏང་བ་དང་།     གསོ་སྦྱོང་གི་དུས་ཡུན་ཐུང་བ་དང་།    སློབ་སྦྱོང་སླ་བ།    ཚོགས་སླ་བ།    དབུལ་སྒྲོལ་ཡོང་འབབ་འཕར་མགྱོགས་པ་བཅས་ཀྱི“ཐུང་སྙོམས་མགྱོགས་པའི”གསོ་སྦྱོང་རྣམ་གྲངས་གཙོ་གནད་དུ་འཛིན་པ།     “སྲིད་གཞུང་གིས་རྩིས་སྤྲོད་བྱེད་པ་དང་།    མང་ཚོགས་ཀྱིས་ཚལ་མངག་པ།    དགོས་མཁོ་ཡོད་པའི་དབང་གིས་འཛིན་གྲྭ།    རྩལ་རེ་སྦྱོང་བརྡར་རེ་བྱེད་པ”བཅས་ཀྱི་གསོ་སྦྱོང་བྱེད་སྟངས་མུ་མཐུད་འཐུས་ཚང་དུ་གཏོང་དགོས།     “མི་གཅིག་གསོ་སྦྱོང་དང་།    མི་གཅིག་ལས་ཞུགས་བྱེད་པ།    དུད་ཚང་གཅིག་བརྟན་པོ་ཡོང་བ་བྱེད་པ”བཅས་ཀྱི་གསོ་སྦྱོང་བྱེད་སྟངས་ལེགས་པར་འཁོར་སྐྱོད་བྱེད་དགོས།     མིག་སྔའི་བར་མཚོ་བྱང་ཁུལ་གྱི་དབུལ་ཐར་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ནས་མི་ཐེངས1060ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས།     

དྲ་ཐོག་ཐུག་འཕྲད་མི་བྱེད་པའི་ཡིག་ཐོག་སྙན་ཞུའི་ཞིབ་མཆན་འགོད་པ་དང་དྲ་ཐོག་ནས་ཕྱོགས་ཡོངས་ནས་བདག་སྤྲོད་དང་བསྒྲུབས་མཇུག་སྒྲིལ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ཐོག་ནས་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་བཏང་ནས་ཞིང་ཆེན་ལས་བརྒལ་བའི་ལས་ཞུགས་ཀྱི་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྲིད་ཇུས་གཏན་འབེབས་ལྟར་དོན་འཁྱོལ་བྱེད་དགོས།     མིག་སྔའི་བར་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ལས་བརྒལ་ནས་ལས་ཞུགས་ལས་གཏོད་བྱས་ནས་ཟླ་བ་གསུམ་ཟིན་པའི་དབུལ་ཐར་མི་འབོར1034ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྒོར་ཁྲི103.4སྤྲད།     ཞིང་ཆེན་ནང་ཁུལ་གྱི་ལས་མིའི་ངལ་ལས་ཁ་གསབ་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བྱས་ནས་རྒྱལ་ཁོངས་དབུལ་ཐར་མི་འབོར1124ལ་ངལ་ལས་ཁ་གསབ་སྒོར་ཁྲི110.62སྤྲད།     དེ་དང་ཆབས་ཅིག་སྤྱི་ཕན་རང་བཞིན་ལྡན་པའི་ལས་གནས་གསར་སྤེལ་བྱས་ནས་ལས་ཞུགས་དཀའ་ངལ་ཡོད་པའི་དབུལ་ཐར་ངལ་རྩོལ་ནུས་ཤུགས་ལ་མ་མཐའི་འགན་སྲུང་བྱས་པ་དང་།    ད་ལོ་ནས་བཟུང་ནགས་རྩྭ་དང་ཞིང་རྩོལ(གྲོང་གསེབ་དར་རྒྱས)སོགས་ལས་ཁུངས་ཀྱིས་དབུལ་ཐར་མི་འབོར་གྱི་གྲོང་ཚོ་རིམ་པའི་སྤྱི་ཕན་རང་བཞིན་ལྡན་པའི་ལས་གནས3511གཅིག་གྱུར་གྱིས་གསར་སྤེལ་བྱས་ཡོད།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号