ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


ཟླ8པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས73པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། གཙོ་གནད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་བཀོད་སྒྲིག་གནང་།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དྲུག་པ་གཙོ་སྐྱོང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། མཐའ་མཚོ་མཁའ་སྲུང་གི་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པ། བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཏང་ཨུའི་དམག་དོན་གྲོས་མོལ་དང་བྱ་བའི་ལས་འགན་ཞིབ་བརྗོད་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་དམག་སྦྱོང་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། སེམས་ནུས་ཡོད་རྒུས་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མིའི་བྱ་བ་ཡག་པོར་བསྒྲུབ་སྟེ་དམག་བཀུར་ཁྱིམ་གཅེས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཚོ་བྱང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང“མཐོ་སྒང་གི་སྙིང་སྟོབས”རྒྱུན་མཐུད་སྒོས་རྒྱུན་འཛིན་དར་སྤེལ་བཏང་ནས་མཚོ་བྱང་གི་རྒྱལ་སྲུང་འཆད་སྟེགས་ཆེན་མོ་ཡག་པོར་གཉེར་ཏེ་བཅའ་སྡོད་དཔུང་སྡེས221རྟེན་གཞི་སྲུང་སྐྱོབ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་ཡག་པོ་བྱས་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར། 

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ་དང་ཏང་ལ་ལྷག་བསམ་རྣམ་དག་གི་སློབ་གསོ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གྱི་སློབ་གསོ་བཅས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་སྔོན་དུ་བསྐྱོད་པ་དང་དཔེ་སྟོན་བྱེད་དགོས། “གྲོས་གཞི་དང་པོའི”ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་ཞིབ་བསྡུར་བརྗེ་རེས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ་སློབ་གསོ་དང་སློབ་སྦྱོང་། ཉམས་ལེན། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཆེན་རིམ་པའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གཡུལ་ས་ཁག་ཅིག་གསར་འཛུགས་བྱས་ནས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱེད་དགོས། “གཅིག་ཅན་དྲུག”གི་བླང་བྱར་དཔེ་བསྡུར་ཚད་འཛིན་བྱེད་པ་དང་བསྟུན་ནས་ཏང་ཀྲི་པུའུ་ཡི་སྐར་རིམ་དཔྱད་བསྡུར་གྱི་དོ་དམ་སོགས་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བའི་བྱེད་སྟངས་འཚོལ་ཞིབ་དང་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས་ཁག་ཅིག་འཛུགས་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ།  གསར་བརྗེའི་ཉམས་ཞིབ། ཚོགས་སྦྱོང་ཐོན་ལས་སོགས་ལྟེ་བའི་བྱ་བར་དོ་སྣང་བྱས་ཏེ་འདྲ་བཟོ་དང་ཁྱབ་གདལ་བྱེད་ཆོག་པའི་མཚོ་བྱང་ཏང་འཛུགས་སྐྱོང་བྱ་བའི་ཆས་རྟགས་ཁག་ཅིག་གཏོད་དགོས་ཟེར།           

ཚོགས་འདུའི་ཐོག ཟླ7པའི་ཚེས30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཁུལ་ཡོངས་ཀྱི“རེའུ་མིག་གཅིག་དང་དཔེ་རིས་གཅིག གསལ་ཐོ་གཅིག ལམ་སྲོལ་གཅིག”བཅས་ཀྱི་ལམ་ཐིག་ལ་དམིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་སོ་སོ་ལེགས་འགྲུབ་ཧུར་ཐག་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ཞིང་ལས་ཐོན་སྐྱེད་དམ་འཛིན་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་བྱུང་བར་བརྩོན་ལེན་ཧུར་ཐག་བྱེད་དགོས།  དམིགས་འབེན་ཁེ་ལས་དམིགས་འཛིན་བྱས་ནས་གནས་ནས་གནས་བར་མཐུན་སྦྱོར་ཞབས་ཞུ་བྱས་ཏེ་བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།  འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་།  འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་ཅིག་ཇུས་འགོད་བྱས་ཏེ་འཛད་སྤྱོད་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། ལས་གཞིར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ། བཀོད་གཏོང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕན་ནུས་ལྡན་པའི་མ་དངུལ་གཏོང་ཚད་རྒྱ་ཆེ་རུ་གཏོང་དགོས། སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་རིགས་ཆེ་གྲས11གི་དམངས་འཚོའི་དོན་དངོས་བཟོ་སྐྲུན45ལེགས་འགྲུབ་བྱ་དགོས།  “གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་དགོས། “གལ་ཆེན་གཉིས”དང“གསར་པ་གཉིས”ཡུན་རིང་བརྒལ་བའི་རྒྱལ་བུན་སོགས་གོ་སྐབས་གལ་ཆེན་རབ་དང་རིམ་པ་དམ་འཛིན་བྱས་ཏེ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་ཕན་པའི་ལས་གཞི་ཁག་ཅིག་གདམ་གསེས་དང་རིགས་པས་ཁུངས་སྐྱེལ་གྱིས་གྲབས་གསོག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་ལས་དོན་འཁྱོལ་ནན་མོ་བྱས་ཏེ་མདོ་ལའི“ལས་གནས་སྟོང་ལ་སོ་ལྟ་ཁྲིའི”དྲང་ཕྱོགས་ཀྱི་དཔེ་མཚོན་བེད་སྤྱོད་ཡག་པོ་བྱས་ནས་མུ་མཐུད་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ནུས་པ་སྤྲོད་དགོས། ཞོད་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བར་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཟེར།     

ཚོགས་འདུའི་ཐོག <<ཞིང་ཆེན་སྒྲིག་ཨུའི་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པའི་བྱ་ཐབས་འགའ་ཞིག>>གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ"མཐོ་སྒང་ས་ཁུལ་དུ་བྱ་བ་སྒྲུབ་ན་བྱས་རྗེས་མེད་ཀྱང་དཀའ་སྡུག་ཡོད་པ"སོགས་ཀྱི་ནོར་འཁྲུལ་གྱི་བསམ་བློ་དང་ཁྱད་དབང་བསམ་བློ། ཁ་གསབ་སེམས་ཁམས་སད་རོགས་བྱེད་དགོས། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ།  <<བྱ་ཐབས་འགའ་ཞིག>>ལག་བསྟར་དང་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི"གཏན་འགོག་བཅུ"ཡི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་རྒྱུན་རྣམ་དང་ཕུགས་ཕན་ངང་བྱ་བ་སྤེལ་རྒྱུའི་ཁ་ཆད་གྲོས་མོལ་བྱེད་དགོས། མང་ཚོགས་ཀྱི་ཐེར་འདོན་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔེ་མཚོན་གནད་དོན་གྱི་མིང་འདོན་གྱི་ཁྱབ་བརྡ་བཏང་སྟེ་གནད་སྨིན་ཞིབ་འཇུག་བརྡར་གཅོད་དང་གནད་སྨིན་བཅོས་སྐྱོང་ཐུབ་པར་བྱེད་དགོས། རུལ་སུངས་མཉམ་བཤེར་མཉམ་བཅོས་ཀྱི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱས་ནས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱེད་དགོས་ཟེར།


ཚོགས་འདུའི་ཐོག མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་གྱི་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། ཚད་ལྡན་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་ལྟེ་གནས་བསྡུ་སྒྲིལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་རིམ་པ་གསུམ་པའི་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་རྒྱུ་འགན་ལེན་བྱེད་དགོས།  མཉམ་འགུལ་མཉམ་སྒྲིག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བར་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། ལྟེ་བའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣོན་པ་དང་མི་སྣ་གསོ་སྦྱོང་བྱ་བར་ཤུགས་བསྣན་ནས་ལྟེ་བའི་ལས་བྱེད་པས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་ཁྲིམས་ལྟར་རྩོད་གཞི་སེལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག མཚོ་བྱང་ཁུལ་གྱི2024ལོའི་གསོ་སྦྱོང་འཛིན་གྲྭ་གཉེར་ཚུལ་གྱི་སྙན་ཞུར་ཉན་ཏེ་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཚོ་བྱང་གི་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་གཡུལ་ས་གཙོ་བོར་བྱས་ནས་སྲིད་ཁྲིམས་དང་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཏང་ཡོན་ལས་བྱེད་པ་སྔར་ལས་མང་བ་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་དུ་ཡོང་བར་སེམས་བཀུག་ནས་མཚོ་བྱང་གི་ཚོགས་སྦྱོང་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号