མཚོ་བྱང་ཁུལ་དུ་ལས་ཀ་འཚོལ་སའི་ལས་སྒྲུབ་ཁང་ཞིག་བཙུགས་པ།

ཟླ8པའི་ཚེས8ཉིན། འཇུ་ལག་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཞོར་ལས་ས་ཚིགས་དང་ཞོར་ལས་ཁྲོམ་རར་དབྱར་ཁའི་གུང་གསེང་སྐབས་ལས་མིར་བློ་འདྲི་ཡོང་བའི་སློབ་ཆེན་སློབ་མ་མ་ཞའོ་ལུང་གིས“ཞོར་ལས་ས་ཚིགས་ཡོད་རྗེས། ང་ཚོས་ལས་ཀ་འཚོལ་སྟངས་སྟབས་བདེ་རུ་ཕྱིན་ཡོད་པ་དང་། ལས་བསྡུའི་ཆ་འཕྲིན་གནས་འདི་ནས་རྒྱུས་ལོན་བྱེད་ཐུབ་པས། སྔོན་ཆད་ལྟར་ག་ས་གང་དུ་ཞོར་ལས་བྱེད་དུ་འགྲོ་མི་དགོས”ཟེར།

ཟླ8པའི་ཚེས6ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཞོར་ལས་ས་ཚིགས་དང་ཞོར་ལས་ཁྲོམ་རའི་སྒོ་བྱང་འགེལ་བའི་མཛད་སྒོ་བྱང་གི་ཁྲོམ་གཞུང་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལྟེ་གནས་སུ་འཚོགས་ཤིང་། དེ་ནི་མཚོ་བྱང་ཁུལ་གྱི་ཞོར་ལས་ས་ཚིགས་ཐོག་ཡིན་ལ། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་འགན་ལེན་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། མཚོ་བྱང་ཁུལ་གྱི་ལས་ཞུགས་མི་སྣར་དེ་བས་སྟབས་བདེ་དང་ནུས་ཆེ། ཚད་ལྡན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་དེ་བས་རྒྱ་ཆེ་བའི་སྦྲེལ་མཐུད་སྟེགས་བུ་བསྐྲུན་ནས། “ལས་མི་བསྡུ་དཀའ་བ”དང“ལས་ཞུགས་དཀའ་བའི”མཉམ་གནས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་གཏོང་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ཞོར་ལས་ས་ཚིགས་དང་ཞོར་ལས་ཁྲོམ་རས་སྲིད་ཇུས་བློ་འདྲི་དང་ལས་གནས་ཁྱབ་བསྒྲགས། ཞོར་ལས་ཐོ་འགོད། ལས་རིགས་མཛུབ་ཁྲིད། རྩལ་ནུས་གསོ་སྦྱོང་། ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་ནུས་པ་མང་པོ་འདུས་པའི“གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ཏེ་སྦྲེལ་དྲ་ལག་རྩལ་དང་གཞི་གྲངས་ཆེན་མོའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀར་མགྱོགས་མྱུར་དང་གནད་འཁེལ་སྒོས་སྦྲེལ་མཐུད་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་པ་དང་། འཇུ་ལག་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་དོ་དམ་ལམ་ལུགས་དང་ཞབས་ཞུའི་བརྒྱུད་རིམ་འཐུས་ཚང་དུ་བཏང་ནས། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་ཆ་འཕྲིན་བསྡུ་རུབ་དང་ཁྱབ་བསྒྲགས། གསར་བརྗེ་བཅས་ཀྱི་འགན་འཁུར་ཡོད་པར་མ་ཟད། ལས་མི་སྤྱོད་པའི་ལས་ཁུངས་དང་ཞོར་ལས་མཁན་གྱི་ཐོབ་ཐང་ཞིབ་བཤེར་དང་ཡིད་རྟོན་དོ་དམ་བྱས་ཏེ། ཞོར་ལས་ས་ཚིགས་དང་ཞོར་ལས་ཁྲོམ་ར་ཚད་ལྡན་ངང་འཁོར་སྐྱོད་དང་དོ་དམ་བྱ་རྒྱུའི་འགན་ལེན་བྱས་ཡོད་ལ། དེ་དང་ཆབས་ཅིག ད་དུང་ངལ་རྩོལ་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་བློ་འདྲི་དང་ཁེ་དབང་འགན་སྲུང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཕྱོགས་གཉིས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ། ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号