སྨོན་ལམ་མཐོན་པོའི་ཕྱི་རོལ་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ས་ཚིགས་བཙུཊ།

ཟླ8པའི་ཚེས8ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། གུང་གཞོན་ཚོགས་པ་ཁུལ་ཨུ་བཅས་ཀྱིས་གཙོ་སྒྲུབ་དང་། ཁུལ་བརྙན་འཕྲིན་ཁང་དང་ཁུལ་རིག་གནས་ཁང་། ཁུལ་མི་རིགས་གླུ་གར་ཚོགས་པ། མདའ་བཞི་རྫོང་དམངས་སྲིད་ཅུས་བཅས་ཀྱིས་འགན་སྒྲུབ་གནང་བའི་སྨོན་ལམ་མཐོན་པོའི་ཕྱི་རོལ་གཉེན་སྒྲིག་ཐོ་འགོད་ས་ཚིགས་ཀྱི་མགོ་རྩོམ་མཛད་སྒོ་དང་གཉེན་སྒྲིག་ཐོ་འགོད་དཔང་ཡིག་ཕྱི་རོལ་དུ་ཐུན་མོང་ཐོག་སྤྲོད་པའི་མཛད་སྒོ་དེ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིར་སྤེལ།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་མང་ཚོགས་ཀྱི་ན་ས་དང་དཀའ་ས། ཁེགས་སའི་གནད་དོན་ཐག་གཅོད་བྱེད་པ་ནས་མགོ་བརྩམས་ཏེ་གོམས་སྲོལ་སྒྱུར་བཅོས་དེ“དམངས་སེམས་བཟོ་སྐྲུན”དང“སྲིད་ལེགས་བཟོ་སྐྲུན”ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།    “གཅིག་ཅན་བརྒྱད”ཀྱི་ཡུལ་སྲོལ་དཔལ་ཡོན་གསོ་སྐྱོང་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བཅོས་ཀྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་འཚོགས་ནས་རྒྱས་སྤྲོས་ཆུད་ཟོས་དང་གཟབ་རྒྱས་སྤེལ་བ། རྫོངས་པ་མཐོན་པོ་ལེན་པ་སོགས་སྲོལ་ངན་གཏན་འགོག་བྱས་པ། གཉེན་སྒྲིག་གོམས་སྲོལ་སྒྱུར་བཅོས་བྱ་བ་གཏིང་ཟབ་སྤེལ་བ་དང་ཞིང་ཆེན་ཡོངས་ཀྱི་ཕྱི་རོལ་གཉེན་སྒྲིག་ཐོ་འགོད་ཞབས་ཞུའི་ས་ཚིགས་ཐོག་མ་སྤེལ་མགོ་བརྩམས་ཏེ། ཐུན་མོང་ཐོག་གཉིན་སྒྲིག་དཔང་ཡིག་སྤྲོད་པའི་མཛད་སྒོ་ཧུར་ཐག་སྒོས་གཉེར་ལ། “གཉེན་སྒྲིག་གསར་པར”བརྟེན་ནས“དར་སྲོལ་གསར་པ”དར་སྤེལ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་གཉེན་སྒྲིག་གི་འདུ་ཤེས་གསར་པ་འཛུགས་རྒྱུ་དར་སྤེལ་བཏང་ཞིང་།  རྒྱས་སྤྲོས་དང་ཚད་རིམ་ལ་ལྟ་བ་སོགས་གཉེན་སྒྲིག་གོམས་སྲོལ་ངན་པ་རང་འགུལ་ངང་བཀག་འགོག་བྱས་པས་རིགས་སོ་སོའི་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཚོར་དུ་བཅུག་ཡོད།      

ཡུལ་དངོས་ནས་གཉེན་སྒྲིག་བཟའ་ཟླ་གསར་པ3ལ་གཉེན་སྒྲིག་དཔང་ཡིག་སྤྲད་པར་མ་ཟད་གཉེན་སྒྲིག་བཟའ་ཟླ9ལ་དྲན་རྟེན་དཔང་ཡིག་སྤྲད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号