མདོ་ལ་རྫོང་གིས་དམིགས་བསལ་སྒྲིག་ཆས་ལ་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་མཐའ་མཚམས་བརྟན་པོར་བསྲུངས།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་བདེ་འཇགས་ཆུ་ཚད་མཐོར་འདེགས། སྒྲིག་ཆས་ཀྱི་བདེ་འཇགས་བྱུར་རྐྱེན་གཙང་སེལ་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ། ཁྱོན་ཡོངས་ནས་དམིགས་བསལ་སྒྲིག་ཆས་བདེ་འཇགས་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་ཞིང་། བདེ་འཇགས་ཉེན་ཁའི་བྱུར་རྐྱེན་གཙང་སེལ་དོན་འཁྱོལ་བྱས་པ་དང་། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་པས། རྫོང་ཁོངས་ནང་གི་དམིགས་བསལ་སྒྲིག་ཆས་བདེ་འཇགས་འཁོར་སྐྱོད་ལ་ཁག་ཐེག་བྱས།

རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན་ནུས་ཤུགས་དྲག་ཏུ་བཏང་བ། དངོས་བབ་གཞིར་བཟུང་ཐོག«མདོ་ལ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི2024ལོའི་དམིགས་བསལ་སྒྲིག་ཆས་ཀྱི་དོན་རྐྱེན་བྱུར་རྐྱེན་ཆེ་གྲས་ཆེད་དོན་གྲལ་བཤེར་དག་ཐེར་བྱེད་པའི་ལས་དོན་ཇུས་གཞི»དང«མདོ་ལ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”ལས་དོན་ཇུས་གཞི»སོགས་ཡིག་ཆ་བཀྲམས་ཏེ། འགན་ནུས་ཁྱབ་ཁོངས་སུ་འབྲེལ་བའི་དམིགས་བསལ་སྒྲིག་ཆས་དང་རྫས་འགྱུར་ཉེན་ཁའི་དངོས་ཆས། ཤོག་སྦག་སོགས་ལ་ཁྱོན་ཡོངས་ནས་བདེ་འཇགས་ཐོན་སྐྱེད་བྱུར་རྐྱེན་གྲལ་བཤེར་ཆེན་མོ་དང་དག་ཐེར་ཆེན་མོའི་བྱ་སྤྱོད་སྤེལ། ད་ལོ་ནས་བཟུང་བསྡོམས་བདེ་འཇགས་ཐོན་སྐྱེད་བཀོད་འདོམས་ཚོགས་འདུ་ཐེངས2བསྡུས་པ་དང་། ཡིག་ཆ་དང་ཇུས་གཞི་སྣ་ཚོགས་ཁག8བཀྲམས། «བདེ་འཇགས་ཐོན་སྐྱེད་དམིགས་ཚད་འགན་འཁྲིའི་ཡི་གེ»ཁག8དང«བགྲོད་ལམ་འགྲིམ་འགྲུལ་དང་མེ་གསོད་བདེ་འཇགས་འགན་འཁྲིའི་ཡི་གེ»ཁག་བརྒྱད་ལ་མིང་རྟགས་བཀོད།

དག་ཐེར་ནུས་ཤུགས་ཆེ་རུ་བསྐྱེད་དེ། བདེ་འཇགས་བྱུར་རྐྱེན་གཙང་སེལ་བྱས་པ། སྨན་ཁང་དང་སློབ་གྲྭ། མགྲོན་ཁང་སོགས་མི་སྣ་འཚིང་ཁ་ཆེ་བའི་འདུ་གནས་སུ་གློག་སྐས་དང་གནོན་ཤུགས་སྣོད་ཆས། དབུགས་སྣོན་ས་ཚིགས། ལྗིད་འདེགས་འཕྲུལ་འཁོར་སོགས་སྒྲིག་ཆས་ཁག་གི་བདེ་འཇགས་ལྟ་སྐུལ་དོ་དམ་གཙོ་གནད་དུ་བཟུང་སྟེ་ཤུགས་བསྣན་པ་དང་། བེད་སྤྱོད་ལས་ཁུངས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་སྒོས་ཁྱོན་ཡོངས་ནས་དོན་རྐྱེན་དང་བྱུར་རྐྱེན་སྣ་ཚོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་བྱས། ལོ་སྟོད་ལ་བསྡོམས་ཁྲིམས་བསྟར་མི་སྣ25བཀོད་མངགས་བྱས་ཏེ་དམིགས་བསལ་སྒྲིག་ཆས་བེད་སྤྱོད་ལས་ཁུངས40ལ་ཞིབ་བཤེར་བྱས་ཐོག «དམིགས་བསལ་སྒྲིག་ཆས་བདེ་འཇགས་དོ་དམ་འགན་འཁྲིའི་ཡི་གེ»30ལ་མིང་རྟགས་བཀོད། བདེ་འཇགས་བྱུར་རྐྱེན་ཁག3ཤེས་རྟོགས་བྱུང་བར་བྱུར་རྐྱེན་དུས་བཀག་དག་ཐེར་བྱེད་པའི་བཀའ་ཕབ་སྟེ་བྱུར་རྐྱེན་དག་ཐེར་དོན་དུ་འཁྱོལ་བ་ཁག་ཐེག་བྱས།

དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། བྱེད་པོའི་འགན་འཁྲིར་གསལ་ཁ་བཏོན་པ། ཚོགས་འདུ་བསྡུས་ཏེ་སྐུལ་སློང་བཀོད་འདོམས་བྱེད་པ་དང་དྲིལ་སྒྲོག་རྒྱུ་ཆ་འགྲེམ་པ། འགྲེམ་པང་བཟོ་བ། རང་དཔྱད་རང་བཅོས་བྱེད་པ་སོགས་ཀྱི་རྣམ་པ་བེད་སྤྱད་ཐོག རྒྱ་ཆེའི་མང་ཚོགས་ལ་དམིགས་བསལ་སྒྲིག་ཆས་བདེ་འཇགས་བེད་སྤྱོད་རྒྱུན་ཤེས་ངོ་སྤྲོད་ཤུགས་ཆེར་བྱས་པ་དང་། སྤྱི་ཚོགས་ཡོངས་སུ་དམིགས་བསལ་སྒྲིག་ཆས་བདེ་འཇགས་ལ་ཡོངས་ཁྱབ་དོ་ཁུར་བྱེད་པའི་རྣམ་པ་བཟང་བོ་བཏོད། དམིགས་བསལ་སྒྲིག་ཆས་བེད་སྤྱོད་ལས་ཁུངས་ཁག་ཏུ་ཟབ་ཞུགས་སྒོས་འབྲེལ་ཡོད་བདེ་འཇགས་ལག་རྩལ་ཚད་ལྡན་དུ་གཏོང་བའི་བླང་བྱ་དྲིལ་སྒྲོག་བྱས་ལ། ཁྱོན་ཡོངས་ནས་དམིགས་བསལ་སྒྲིག་ཆས་བེད་སྤྱོད་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་འདུ་ཤེས་དང་བདེ་འཇགས་འགན་འཁྲིའི་འདུ་ཤེས་ཤུགས་དྲག་ཏུ་བཏང་། བར་སྐབས་སུ་དྲིལ་སྒྲོག་རྒྱུ་ཆ་ཁག1500བཀྲམས་པ་དང་འདྲི་རྩད་སྟེགས་བུ1བཙུགས། འགྲེམ་པང1བཏོན་པ་དང་འཕྲེད་དར5བཀལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号