མདོ་ལ་རྫོང་གི“ཏང་འཛུགས་སྐྲུན+ཐོན་ལས”རྩ་འཛུགས་མ་དཔེ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་བཏོན་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“ཏང་འཛུགས་སྐྲུན+ཐོན་ལས”རྩ་འཛུགས་ཀྱི་དར་སྤེལ་མ་དཔེ་ཇེ་དྲག་ཏུ་བཏང་བ་དང་། ཏང་འཛུགས་སྐྲུན་སྣེ་ཁྲིད་ཀྱི་སྒུལ་ཤུགས་ཇེ་ཆེར་བཏང་བ་དང་གཅིག་འདོམས་ཐོན་ཁུངས་ལ་གསོན་ཤུགས་བསྩལ་བ། སྐུལ་ལྕག་ཁེ་སྤོགས་ཀྱི་འགུག་ཤུགས་ཇེ་ཆེར་བཏང་བ་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྒུལ་ནུས་དྲག་པོ་བསྩལ།

“འཐབ་ཡུལ་གཙོ་བོ”བརྟན་པོར་བཏང་སྟེ། “མཉམ་ཤུགས་གསར་པ”གོང་བུར་བསྒྲིལ། རྩ་འཛུགས་འཛུགས་སྐྲུན་འབུར་དུ་དོད་པ་དང་། རོང་འབྲོག་ཁུལ་དེ་གྲོང་གསེབ་དར་སྤེལ་གྱི་འཐབ་ཡུལ་གཙོ་བོར་བརྩིས་ཤིང་། རྫོང་དང་ཞང་གི་མགོ་ཁྲིད་ལས་བྱེད་པ་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྩ་འཛུགས་བྱས་ནས་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱས། སྡེ་བའི་ལས་བྱེད་པ49རྩ་འཛུགས་བྱས་ཏེ་རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་དུ་སློབ་སྦྱོང་བྱེད་དུ་བཅུག་པ་དང་། སློབ་ཆེན་སློབ་མ45སྡེ་བར་སོང་ནས་ལས་འགན་འཁུར་བ། རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭ་སྐབས8དང་མི་ཐེངས810བསྒྲུབས་པ་དང་། སྡེ་བའི་ལས་བྱེད་པ་དང་རོང་འབྲོག་པའི་ཏང་ཡོན་གྱི་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་།

“དབྱངས་རྟ་གཙོ་བོ”གྱེར་ཏེ། “སྒུལ་ནུས་གསར་པ”བསྐྲུན། གཙོ་ཁྲིད་ཐོན་ལས་གསོ་སྐྱོང་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་སྤེལ་གྱི“སྒུལ་ཤུགས་འབྱུང་ཡུལ”དུ་བརྩིས། ཀྲུང་དབྱང་ནོར་སྲིད་དང་ཧྲན་ཏུང་རོགས་སྐྲུན། གྲོང་གསེབ་དར་སྤེལ་སོགས་ཀྱི་མ་དངུལ་སྒོར་ཁྲི2140དོན་འཁྱོལ་བྱས་པ་དང་། དཔེ་སྟོན་སྣེ་ཁྲིད་དང་སྟོབས་ལྡན་སྡེ་བའི་སྐུལ་ཁྲིད། མཉམ་གཉེར་མཉམ་ལས་སོགས“རིགས་བདུན”མ་དཔེ་སྤྱད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བའི”བཟོ་འགོད་ལ་སྐུལ་འདེད་གཏོང་བ། རྩྭ་ས་དང་ཚོང་ཁང་བོགས་གཏོང་། ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་གསོ་བྱེད་པ། སྐྱེ་ཁམས་ཁ་གསབ་སོགས་དངོས་གཞི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བྱས།

“ཐབས་ལམ་གཙོ་བོ”རྒྱ་བསྐྱེད་དེ། “བཀོད་སྟངས་གསར་པ”བསྐྲུན། ཞིང་འབྲེལ་ཞིང་ཁྲིད་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཞིང་ཕྱུགས་འདེབས་གསོ་རྨང་གཞི་དང་སྲིད་ཇུས་ལས་གཞི་རོགས་སྐྱོར། ཡུལ་སྐོར་ཞབས་ཞུ་སྣེ་འདྲེན། ཐོན་ཁུངས་བེད་སྤྱོད་སྒྲོག་ཐག་བྱེད་པ་བཅས་ཀྱི་འཁོར་སྐྱོད་འཕེལ་རྒྱས་བཀོད་སྟངས་བསྐྲུན་ཏེ། སྡེ་བ་རིམ་པའི་ཡོང་སྤར་དང་མང་ཚོགས་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་བྱས། སྡེ་བའི་ཐུན་མོང་དཔལ་འབྱོར་ཁེ་ཕན་བགོ་བཤའ་རྒྱག་པའི་དོ་དམ་ཞིབ་སྲོལ་སྒྲིག་བཟོ་གཏན་འབེབས་དང་། “དངུལ་བཞི”ལེན་པ་དང“བགོ་སྟངས་བདུན”འཚོལ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད། ཚད་ལྡན་ངང་ཡོང་སྒོ་བགོ་བཤའ་རྒྱག་པ་དང་། སྡེ་བའི་ལས་བྱེད་པའི་ལས་གཏོད་ལས་སྒྲུབ་ཀྱི་སྤྲོ་སེམས་བསླངས་ཏེ། རོང་འབྲོག་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་དུ་བཅུག


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号