མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་ལ་མིང་རྟགས་བཀོད།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་ཞིང་ཆེན་ནོར་སྲིད་ཐིན་ནས་ནོར་སྲིད་རིག་ནུས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་འགོད་པའི་མཛད་སྒོ་སྤེལ། ཐེངས་འདིའི་མཉམ་ལས་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་གྱི་འཆར་འགོད་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ནོར་སྲིད་དོ་དམ་གཞི་གྲངས་ཅན་གྱི་ཚུལ་སྒྱུར་དེ་སྐས་རིམ་གསར་བར་སླེབས་པ་མཚོན།

རྒྱུས་ལོན་བྱུང་བ་ལྟར་ན། མཉམ་ལས་ཀྱིས་མིས་ཐབས་རིག་ནུས་དང་ལྗང་མདོག་རྩིས་ནུས་སོགས་སྔོན་སྐྱོད་ལག་རྩལ་དེ་ནོར་སྲིད་ཁྱབ་ཁོངས་སུ་གསར་གཏོད་བེད་སྤྱོད་བྱེད་པར་དམིགས་པ་དང་། མཚོ་སྔོན་སློབ་ཆེན་གྱི་རིག་ཚན་དགེ་མཚན་འདོན་སྤེལ་དང་ཚན་ཞིབ་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་ལས་སྒོའི་ཡུལ་རྣམ་དང་གཞི་གྲངས་ཐོན་ཁུངས་སོགས་ཀྱི་ཕྱོགས་ནས་ཕན་ཚུན་གསབ་རེས་བྱེད་པ་དང་། ནོར་སྲིད་ཀྱི་དཔེ་དབྱིབས་ཆེན་པོའི་ལག་རྩལ་གསར་སྤེལ་དང་དོན་ཐོག་ཏུ་འཁྱོལ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད། ནོར་སྲིད་ཡོང་སྒོ་དང་འགྲོ་གྲོན། རྒྱུ་ནོར་བུ་ལོན་སོགས་སྲོག་ཤིང་གཞི་གྲངས་ཀྱི་རིག་ནུས་ཅན་དོ་དམ་དང་དབྱེ་ཞིབ་བརྒྱུད་དེ། ཕྱོགས་ཡོངས་ནས་ནོར་སྲིད་བཅོས་སྐྱོང་ནུས་པ་དང་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས། དེ་དང་མཉམ་དུ། ཕྱོགས་གཉིས་ཀྱིས་རིག་ནུས་སྔོན་རྩིས་དང་རིག་ནུས་ནོར་དོན་སོགས་ཀྱི་ལས་གཞི་དམ་འཛིན་བྱེད་པ་དང་། ནོར་སྲིད་དོ་དམ་རྣམ་པའི་གསར་གཏོད་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱེད་ལ། བྱ་བའི་ལས་ཆོད་མངོན་གསལ་སྒོས་མཐོར་འདེགས་བཏང་སྟེ། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། དེ་ལས་གཞན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཉམ་ལས་གོ་སྐབས་སུ་བརྩིས་ནས། འཇོན་མི་སྐྱེད་སྲིང་བྱེད་པའི་རྣམ་པ་གསར་གཏོད་བྱེད་པ་དང་། མཚོ་སྔོན་གྱི་ནོར་སྲིད་རིག་ནུས་ཅན་གྱི་འཕེལ་རྒྱས་གསོ་སྐྱོང་དང་རིག་ཚན་བརྒལ་བའི་རྒྱབ་ལྗོངས་ཡོད་པའི་སྣ་འདུས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པ། རིག་ནུས་སྲིད་དོན་འཛུགས་སྐྲུན་བྱ་བ་དེ་སྐས་རིམ་གསར་བར་སླེབས་པར་རོགས་ཤུགས་བཏོན་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་སྣོན་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号