པད་མ་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཇེ་མང་དུ་སོང་ཞིང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ།
ད་ལོའི་ཟླ1ནས་ཟླ3པའི་ཚེས18བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་སུ་བསྡོམས་པས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ཉེན་བརྡའི་ཁ་པར་ཐེངས་ལྔ་འབྱོར་ཡོད། རོགས་སྐྱོབ་བྱས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་ཕུན་སུམ་ཚོགས་པ་སྟེ། སོ་བྱ་ནས་རྒྱལ་ཁབ་རིམ་པ་གཉིས་པའི་སྲོག་ཆགས་ཆུ་ཤྭ་སོགས་ཡོད། མི་དམངས་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་འོག རི་སྐྱེས་སྲོག་ཆགས་འདི་དག་རོགས་སྐྱོབ་ཡག་པོ་བྱས་ཡོད། སྲུང་སྐྱོབ་ཀྱི་ནུས་ཚད་རྒྱུན་མཐུད་སྒོས་ཇེ་ཆེར་སོང་བ་དང་བསྟུན་ནས་པད་མ་རྫོང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྱུ་ཚོགས་ཀྱི་གྲངས་ཀ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རྒྱ་གོ་ར་དང་། གནའ་བ་སོགས་རྩ་ཆེ་ཞིང་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ད་ལྟ་པད་མ་རྫོང་གི་མང་ཚོགས་ཀྱི་མཐོང་ལམ་དུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། སྐྱེ་ཁམས་དོ་སྲུང་པ་དང་ནགས་ལས། སྤྱི་བདེ་སོགས་སྡེ་ཁག་གིས་ཐེངས་མང་པོར་ཁོ་ཚོའི་རྗེས་ཤུལ་བརྙན་ཕབ་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་པད་མ་རྫོང་ཁོངས་སུ་སྲོག་ཆགས་རྒྱ་གོ་རའི་གྲངས་ཀ་བརྒྱའི་ཡན་ལ་སླེབས་ཡོད་ཅིང་། གནའ་ཡི་ཁྱུ་ཚོགས་ཀྱི་གྲངས་ཀ་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། དེང་སྐབས་གནའ་བ་ཆེ་གྲས་ཀྱི་ཁྱུ་ཚོགས་གྲངས་ཀ་སུམ་བརྒྱར་ཉེ་བ་ཡོད་ལ། ཆུང་གྲས་ཀྱི་ཁྱུ་ཚོགས་གྲངས་ཀ་བརྒྱ་ལྷག་ལ་བུད་ཡོད། པད་མ་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་ཕུན་སུམ་ཚོགས་ཤིང་། རྫོང་ཁོངས་ཀྱི་སྨར་ཁོག་ཆུ་བོའི་ནགས་ཚལ་ནི་རང་རྒྱལ་གྱི་གྲང་ངར་ནགས་ཚལ་གྱི་སྐྱེ་དངོས་རིགས་ཚོགས་ཀྱི་བང་མཛོད་གལ་ཆེན་ཞིག་ཡིན་ཏེ། བསྡོམས་པས་རིག་ཚན67དང་ཁོངས་གཏོགས220། རིགས་སྣ466ཡོད། 2024ལོར། པད་མ་རྫོང་གིས་སྔ་གཞུག་ཏུ་རྡོ་ཁོག་ཆུ་བོ་དང་སྨར་ཁོག་ཆུ་བོའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་དང་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཤིང་། ནགས་ཚལ་གསོ་སྐྱོང་དང་ལྗང་སྒྱུར་འདེབས་འཛུགས་སོགས་བྱས་པར་བརྟེན་ལྗང་མདོག་སྲུང་སྐྱོབ་དང་ལྗང་མདོག་ཇེ་མང་དུ་བཏང་ཞིང་། ལྗང་མདོག་དོ་དམ་བེད་སྤྱོད་དང་དེར་གསོན་ཤུགས་བསྐྲུན་པའི་ལས་འགན་ལག་བསྟར་བྱས་པས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པར་མ་ཟད་རྩ་ཆེའི་སྐྱེ་དངོས་ཀྱི་གྲངས་ཀའང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད།
ད་ལོར། པད་མ་རྫོང་གིས་རི་སྡོམ་ནགས་སྐྱོང་དང་། རྩྭ་ས་ཞན་འགྱུར་ལེགས་བཅོས། ས་ནག་བཅོས་སྐྱོང་། རྩྭ་ཐང་ཨ་བྲ་འགོག་བཅོས། རི་སྐྱེས་སྲོག་ཆགས་རོགས་སྐྱོབ་སོགས་ཀྱི་བྱ་བ་རྒྱུན་མཐུད་སྒོས་སྤེལ་ནས། གཞི་གཅིག་ཅན་གྱི་དེང་རབས་རྣམ་པའི་སྐྱེ་ཁམས་ཁོག་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གི་རིག་ནུས་ཅན་དང་གནད་འཁེལ་ཅན། དྲ་རྒྱ་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཁོར་ཡུག་གི་སྤུས་ཚད་དང་། སྦགས་བཙོག་ཁུངས་སྣེ། སྐྱེ་ཁམས་རྣམ་པ་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཡོངས་ཁེབས་རང་བཞིན་མངོན་འགྱུར་བྱ་རྒྱུ་རེད། ལྗང་མདོག་སྦས་ཤུགས་སྔར་ལས་སྔོག་འདོན་བྱ་ཆེད། པད་མ་རྫོང་གིས་ལྗང་མདོག་ཚུལ་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་ཐབས་ཚུལ་སྒྱུར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དུས་མཉམ་དུ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་རྒྱུ་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཞིག་ཏུ་བརྩིས་ཏེ། འཕེལ་རྒྱས་གཏོང་ཐབས་དེ་སླ་ཞིང་རགས་རིམ་ཙམ་ནས་ལྗང་མདོག་ཁོར་སྐྱོད་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注