རྐང་ཚའི་དམངས་ཁྲོད་མཚོ་མཆོད།

ཀྲུང་གོའི་ནུབ་བྱང་གི་མཚོ་སྔོན་ཞིང་ཆེན་གྱི་རི་སྒང་དང་རྩྭ་ཐང་ཆེན་པོའི་དཀྱིལ་དབུས་སུ་ཕྲ་བཏབ་འདྲའི་ཡངས་ཤིང་རྒྱ་ཆེ་བའི་རིན་པོ་ཆེའི་མེ་ལོང་ཞིག་ཡོད་དེ། དེ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཚེའུའམ།ཡང་ན་ཀྲུང་གོའི་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་སྟེ་མཚོ་སྔོན་པོ་ཡིན་ནོ། གནའ་དུས་སུ་རྒྱ་རིགས་ཀྱིས་མཚོ་སྔོན་པོ་ལ་ནུབ་མཚོ་དང་སོག་པོས་ཁུའུ་ཁུའུ་ནོ་ཨེར་ཞེས་འབོད།མཚོ་སྔོན་པོའི་རིང་ཚད་ལ་སྤྱི་ལེ105ལྷག་ཡོད་པ་དང་།ཞེང་ཚད་ལ་སྤྱི་ལེ63ལྷགསྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4583།  ཆ་སྙོམས་ཀྱི་གཏིང་ཚད་ལ་སྨི་བཅུ་དགུ་ལྷག  མཚོའི་མཐའ་སྐོར་རིང་ཚད་ལ་སྟོང་སྨི་སུམ་བརྒྱ་དྲུག་ཅུ་ཡས་མས། མཚོ་སྔོན་པོའི་ཆེས་ཟབ་ཚད་ལ་སྨི38ལྷག་ཡོད། རྒྱང་རིང་ནས་བལྟས་ན་ཤར་ནུབ་རིང་ཞིང་ལྷོ་བྱང་དོག་པའི་མཚོ་སྔོན་པོའི་ཆགས་དབྱིབས་ནི་སྡོང་ལོ་ཆེན་པོ་ཞིག་དང་ཀུན་ནས་མཚུངས།མཚོ་འདིའི་ཤར་ཕྱོགས་སུ་ཨ་མ་ཟོར་དགུ་དང་།ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན།  ནུབ་ཕྱོགས་སུ་བྲག་དཀར་ཐེམ་ཆེན། བྱང་ཕྱོགས་སུ་རྐང་ཚའི་རྫ་དམར་བཅས་རྫ་རི་མཐོན་པོས་མཐའ་ནས་བསྐོར་ཞིང་། མཚོའི་འགྲམ་རྒྱུད་ནི་མུ་མཐའ་མི་མངོན་པའི་རྩྭ་ཐང་ཆེན་པོ་ཡིན་པས་མཛེས་ཤིང་ཡིད་དུ་འོང་བའི་རི་ཆུའི་མཛེས་ལྗོངས་ལྷུན་གྱིས་གྲུབ་ཡོད།

མཚོ་ཆེན་ཁྲི་ཤོར་རྒྱལ་མོ་འདི་ལོ་རེའི་ལུགས་རྙིང་གི་ཟླ་དྲུག་པའི་ནང་དུ་མཚོ་མཆོད་བྱེད་པའི་ལུགས་སྲོལ་འདི་གནའ་ནས་ད་ལྟའི་བར་དུ་རྐང་ཚའི་ཡུལ་འདིར་དར་ནས་ལོ་ངོ1200ལྷག་གི་ལོ་རྒྱུས་ཡོད། དམངས་ཁྲོད་ངག་རྒྱུན་ལྟར་ན་ལོ་རེའི་སོས་ཀ་བསླེབ་ཚད་མགྱོགས་མིན་དང་དབྱར་ཀ་ཆར་ཆུ་འཛོམས་མིན། སྒོ་ཕྱུགས་ཀྱི་འཕེལ་ཁ་རྒྱས་མིན་སོགས་ནི་ལོ་དེར་མཚོ་སྔོན་པོ་མཆོད་བཀུར་གྱིས་ལོངས་མིན་དང་འབྲེལ་བ་དམ་པོ་ཡོད་པར་བཤད།

དེང་གི་དུས་འདིར་མཚོན་ན་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་དད་མོས་རང་དབང་དང་། མི་རིགས་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པའི་ཡང་དག་པའི་སྲིད་ཇུས་གལ་ཆེན་ཡོད་པར་བརྟེན། བོད་མཁར་རྐང་ཚའི་ལོ་རེའི་མཚོ་སྔོན་པོ་མཚོ་མཆོད་ཀྱི་ཆོ་ག་འདི་ཡང་མ་མཉམ་པར་ད་ལྟའི་བར་དུ་བདེ་བླག་ངང་རྒྱུན་བསྐྱངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号