མཚོ་སྔོན་ཞིང་ཆེན་གྱིས་ལས་ཚབ་རྒུད་སྤྲོད་ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2.95བཏང་།

ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་དོ་དམ་ཁང་ནས་གཏམ་བཟང་འབྱོར་བ་ལྟར་ན། ཞིང་ཆེན་ནོར་སྲིད་དོ་དམ་ཁང་གིས2025ལོར་ལས་ཚབ་རྒུད་སྤྲོད་ཀྲུང་དབྱང་གིས་རྨང་གཞིའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2.95བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་རམ་ཁུལ8དང་། རྫོང19ལ་གྲོང་གསེབ་ཀྱི་ཆུའི་འདྲེན་འབུད་ཀྱི་སྦུག་ལམ་དང་སྡེ་བ་བར་གྱི་བགྲོད་ལམ་སོགས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆུང་འབྲིང49འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། སྔོན་དཔག་བྱས་ན་ངལ་རྩོལ་བར་གླ་ཕོགས་སྒོར་དུང་ཕྱུར0.93སྤྲོད་རྒྱུ་དང་ས་གནས་དེ་གའི་མང་ཚོགས་ལས་མི3078བསྡུ་ལེན་བྱ་རྒྱུའི་འཆར་གཞི་ཡོད།

ལས་ཚབ་རྒུད་སྤྲོད་ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་གཤམ་བཏང་བྱས་པ་ཡིས། ས་གནས་དེ་གའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་། ཡོང་འབབ་དམའ་བའི་མི། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་བཅས་ལས་གཞིའི་འཛུགས་སྐྲུན་ནང་བསྡུ་ལེན་བྱས་ཏེ། ཉེ་འགྲམ་གྱི་ལས་ཞུགས་ཡོང་འབབ་འཕར་སྣོན་མངོན་འགྱུར། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་ཐུབ།

ཞིང་ཆེན་ནོར་སྲིད་དོ་དམ་ཁང་གིས་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་སོགས་ལས་རིགས་གཙོ་གཉེར་སྡེ་ཚན་དང་འབྲེལ་གཏུག་འབྲེལ་མཐུད་བྱེད་ཤུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་འཆར་འགོད་གསོག་འཇོག་སོགས་སྔོན་གྱི་ལས་དོན་ལ་གཞོགས་འདེགས་བྱས་ཏེ། ཀྲུང་དབྱང་མ་དངུལ་གྱིས་རང་ཞིང་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་དེ་བས་ཆེ་བ་ལ་བརྩོན་ལེན་ཧུར་ཐག་བྱ་རྒྱུ། དེ་དང་ཆབས་ཅིག་མ་དངུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号