ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ7པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཁུལ་ཡོངས་ཀྱི་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་ནས་ནན་གྱིས་བསྟན་དོན། ཆབ་སྲིད་དང་འཐབ་ཇུས། ཁྱོན་ཡོངས་བཅས་ཀྱི་མཐོ་ཚད་ནས་ཐེངས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། བསམ་བློའི་ངོས་འཛིན་གཅིག་མཐུན། ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན། བརྩེ་སེམས་ཀྱི་ངོས་འཛིན་གཅིག་མཐུན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལོ་གཅིག་ལ་སྒྲུབ་པ་དང་ལོ་གསུམ་ལ་ལྟ་བ། ལོ་བཅུ་ལ་དོན་གཉེར་བྱེད་པ་བཅས་ཀྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་ཀྱིས་རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་སྒྱུར་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར། 

ཚོགས་འདུའི་ཐོག་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྤྱིའི་གཞི་འཛིན་ས་དང་སྤྱིའི་རྩ་འཛིན། སྤྱིའི་མཛུབ་སྟོན་དུ་བཟུང་ནས་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་གཞིར་བཟུང་སྟེ་མདུན་སྐྱོད་བྱེད་དགོས། ཧྲུའུ་ཅི་ཁྲིན་ཀང་གི་སྙན་ཞུའི་ནང་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ལ་གུས་བཀུར་ཞུ་བའི་བརྩེ་སེམས་ངོ་མ་བསྟན་པ་དང་། ཞིང་ཆེན་ཏང་ཨུས་འོས་འགན་གལ་ཆེན་དང་ལས་འགན་གལ་ཆེན། བཀོད་སྒྲིག་གལ་ཆེན་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་མཚོན་པ། མངག་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་རེ་བ་སྟོང་ཟད་དུ་མི་གཏོང་བ། དཀའ་སྒྲུབ་དངོས་སྒྲུབ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་གཏིང་ཟབ་མཚོན་ཡོད། <<ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུའི་སྐོར་གྱི་གཏན་འབེབས>>ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱོགས་པ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་འབྲངས་པ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་ནས་ལེའུ་གསར་པ་རྩོམ་པའི"བསྒྲགས་གཏམ་ཡི་གེ"དང"མདུན་སྐྱོད་རི་མོ"དང"སྐུལ་སློང་བཀའ་རྒྱ"བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲི་གསར་པ་ཏན་ཏིག་འཁུར་བ་དང་ལག་ལེན་གསར་པར་སྐུལ་འདེད་གཏོང་བ། ལེའུ་གསར་པ་རྩོམ་པ་བཅས་ཀྱི་ཆེད་དུ་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན། སྒུལ་ཤུགས་སྐུལ་སློང་བཅས་བྱས་ཡོད་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་པ་དང་དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པའི་ཚན་རིག་རང་བཞིན་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་སྣེ་ཁྲིད་རང་བཞིན། ཐོག་མའི་བསམ་འདུན་མི་བརྗེད་པར་དམིགས་ཡུལ་ལག་ལེན་བསྟར་བའི་མི་དམངས་རང་བཞིན། མ་འོངས་པར་འཆར་འགོད་དང་བྱ་བར་མཛུབ་ཁྲིད་བྱེད་པའི་མ་ལག་རང་བཞིན་བཅས་གང་ལེགས་མཚོན་པ་དེ་ནི་ང་ཚོས་བྱ་བ་མཐའ་དག་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། སེམས་པ་རྣམ་དག་གིས་དགོངས་དོན་གྱི་གོ་བ་ལེན་པའི་ཐད་འབད་བརྩོན་བྱེད་དགོས། ཏང་དང་གཙོ་འཛིན་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སློབ་སྦྱོང་གཏིང་ཟབ་དང་། དེའི་ནང་དུ་འདུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་དད་མོས་ཀྱི་སྟོབས་ཤུགས། མི་དམངས་ཀྱི་སྟོབས་ཤུགས། བསམ་པའི་སྟོབས་ཤུགས་བཅས་བསྡུ་ལེན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་འཐབ་ཇུས་ཀྱི་རང་ཤུགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། "འདུ་ཤེས་བཞི"ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། "ཡིད་ཆེས་བཞི"བརྟན་པོ་ཡོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱེད་པའི་བགྲོད་ལམ་དེད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས"གཏན་འཁེལ་གཉིས"ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱ་དགོས། བརྩེ་སེམས་རྣལ་མོས་ཐུགས་ཁུར་ཆེན་པོ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་སྐུལ་ལྕག་དང་ཁས་ལེན་གནང་བར་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ངེས་གནས་གསར་པ་དང་དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་ལ་བསམ་གཞིག་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཆེན་པོ་དང་སེམས་ཁྲལ་ཟབ་མོ། རེ་བ་ནན་མོ་བཅས་རང་འགུལ་ངང་སྒྲུབ་པའི་རང་རྟོགས་འདུ་ཤེས་དང་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་དང་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་མོ་བཅས་སུ་བསྒྱུར་གང་ཐུབ་བྱས་ཏེ། དུས་ཚོད་ལ་མི་སྒུག་པའི་དགོས་གཏུག་གི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་གནང་བའི་དུས་རབས་ཀྱི་ལས་འགན་ལྕི་མོ་དེ་བློ་ཐག་ཆོད་པོས་མཐའ་གཅིག་ཏུ་ཁུར་དགོས། ནུས་ཤུགས་ཡོད་རྒུས་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས། ཞིང་ཆེན་ཏང་ཨུས"ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་བྱ་བའི་བསམ་བཀོད་འཐུས་ཚང་དུ་གཏོང་བ། ལས་འགན་ཁ་གསལ་བཟོ་བ། བྱ་བའི་བྱེད་ནུས་ཆེ་རུ་གཏོང་བ།  བྱ་བའི་ངང་ཚུལ་ཆགས་པ་བཅས་བྱས་ནས་ཞིབ་འཇུག་དང་ཇུས་འགོད་ནན་ཏན་བྱས་ཏེ་བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ་དང་བྱ་བའི་གཙོ་གནད་དམ་འཛིན་ཏན་ཏིག་བྱས་ཏེ་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་ཡག་པོར་བསྒྲུབ་པ། ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་ནན་སྐྱོང་བཅས་ཀྱི་ཐད་ལག་ལེན་མཐོང་ཐུབ་པ་དང་ཕན་འབྲས་ཐོན་པར་ཧུར་ཐག་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤུགས་ཆེན་ཞིག་ཏུ་བསྒྱུར་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་གྱི་གནས་ཚུལ་དང་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་། བྱ་ཐབས་གསར་པའི་ཐོག་མངོན་པར་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ཏན་ཏིག་དང་། ཕུལ་བྱུང་གི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་བྱང་དུ་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས། སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས། "ས་གནས་གཅིག་དང་གླིང་གཉིས"འཛུགས་སྐྲུན་དོན་འཁྱོལ་ཡག་པོ་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ལས་གཞི་གཙོ་བོ་ལག་བསྟར་ཡག་པོ་བཅས་བྱེད་དགོས། ཐོན་ལས་ཀྱི"གནས་བཞིའི"འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་ལག་བསྟར་ཡག་པོ་བྱེད་པ། "123"Aརིམ་པའི་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་གཏོད་པ། ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་བྱེད་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཐོན་རྫས་སྤུས་ལེགས་དང་ཁྱད་ཆོས་འདང་ངེས། ཞབས་ཞུ་ལེགས་པ། ཐོན་ལས་སྟོབས་ལྡན་བཅས་ཟམ་མི་ཆད་པར་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། སེམས་རྣལ་དུ་ཕབ་སྟེ་བརྩེ་སེམས་ལ་བརྟེན་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་དོན་དངོས་ཡག་པོར་བསྒྲུབ་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། རིགས་དབྱེ་ནས་རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། དམངས་འཚོའི་ཞན་ཆ་ཁ་གསབ་དང་དམངས་འཚོའི་དཀའ་གནད་སེལ་བ། དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་པོ་ཡོང་བ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་འགུལ་སྐྱོད་ཁག་བཅུ་དང་བྱེད་ཐབས་ཁག་བཅོ་བརྒྱད་དོན་འཁྱོལ་ཡག་པོ་བྱེད་པ་དང་། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་རྗེས་ཤུལ་བེད་སྤྱོད་ཡག་པོ་བྱེད་དགོས། ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་སྲུང་། བརྟན་ལྷིང་སྲུང་སྐྱོབ་བཅས་ཀྱི་བྱ་བ་སོ་སོ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཏིང་ཟབ་ཏུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གསར་བརྗེའི་ཐོན་ཁུངས་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ལས་རིགས་རང་བཞིན་དང་མ་ལག་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྐྱོང་རྒྱུན་རྣམ་ཅན་དུ་སྤེལ་དགོས།  ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་འགའ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་དང་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号