"ལྔ་གཅིག"གུང་གསེང་སྐབས་མཚོ་བྱང་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་པ།

"ལྔ་གཅིག"གུང་གསེང་སྐབས་སུ། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཁོངས་གཏོགས་ཀྱིས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་དང་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རིག་གནས་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་། བསྡོམས་རྩིས་བྱས་པར་གཞིགས་ན། གུང་གསེང་སྐབས་སུ་མཚོ་བྱང་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི7.57ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས5%འཕར་ཡོད་ཅིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི2784.33བྱུང་པ་དེ་དུས་མཚུངས་ལས་14.65%འཕར་ནས་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་པ་དང་མཁོ་སྤྲོད་དར་བའི་རྣམ་པ་ཐོན་ཡོད།

"ལྔ་གཅིག"གུང་གསེང་སྐབས་སུ། མཚོ་བྱང་ཁུལ་གྱིས་ཐེ་ཞུགས་རང་བཞིན་ཆེ་བ་དང་ཉམས་ལེན་རང་བཞིན་མཐོ་བ། སྤྲོ་སྣང་རང་བཞིན་ཆེ་བ་བཅས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་ཕྲེང་བསྟར་བྱེད་སྒོ་སྤེལ་བ་དང་། མཚོ་བྱང་ཁུལ་གྱི"'མདེལ་གཉིས་སྐར་གཅིག'གི་སྙིང་སྟོབས་དར་སྤེལ་གཏོང་བ། 'རྒྱལ་ཁབ་སྤྱི་གླིང་གཉིས'འཛུགས་སྐྲུན་ཡག་པོ་བྱེད་པ། ལྔ་གཅིག་ཡུལ་སྐོར་གྱི་རྫོགས་ལྡན་དུས་ཚིགས་བསུ་བའི"རིག་གནས་ཡུལ་སྐོར་གྱི་ཕྲེང་བསྟར་བྱེད་སྒོ་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ། མཚོ་བྱང་ཁུལ་གྱི་སྤྱི་པའི་རིག་གནས་ཁང་སྣ་ཚོགས་རིན་མེད་ངང་སྒོ་ཕྱེ་བ་དང་། རྟེན་མཛོད་ཁང་དང་དཔེ་མཛོད་ཁང་། རིག་གནས་ཁང་བཅས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་དྲ་ཐོག་རིག་གནས་བྱེད་སྒོ་སྤེལ་བར་འཚོལ་ཞིབ་ཧུར་ཐག་བྱས་ཏེ"དབྱིན་ཡིག་དགེ་རྒན་གྱིས་ཁྱོད་རང་ཁྲིད་ནས་རིག་དངོས་གནའ་ཤུལ་ལ་ལྟ"ཞེས་པ་སོགས་ཀྱི་ཕྲེང་བསྟར་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་།

"ལྔ་གཅིག"སྐབས་སུ་གངས་དཀར་རི་བོའི་ཡུལ་སྐོར་བ་རྒྱུན་ཆད་མི་འདུག གསེར་དངུལ་ཐང-རྡུལ་ཕྲན་མཁར་ལྗོངས་ཁུལ་གྱིས་གུང་གསེང་སྐབས་སུ་ཁྱོན་ཡུལ་སྐོར་བ་མི་ཐེངས6592ལ་སྣེ་ལེན་བྱས་པ་དང་དེའི་ནང་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་སློབ་མ100ཡོད། ཡོང་འབབ་སྒོར་ཁྲི4.83བྱུང་ཡོད། འཇུ་ལག་རྫོང་གིས་ཀྱུ་ཡངས་ལུང་པའི་ལྗོངས་ཁུལ་སོགས་སྐྱེ་ཁམས་ཉམས་ལེན་སྒར་འདེབས་ས་ཚིགས་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་ནས་གྲོང་གསེབ་ཀྱི་འཚོ་བ་ཉམས་ལེན་བྱ་རྒྱུ་དེ་ཡུལ་སྐོར་གྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད།

ཕག་མོ་ཚེ་བརྟན་གྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号