ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་པར་ཕེབས་པ།
ཟླ4པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་མདའ་བཞི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བ་སོ་སོར་དམིགས་ནས་མདའ་བཞི་རྫོང་ཞབས་དྲུང་སྒར་ཐོག་དང་གསེར་ཐང་ཡུལ་ཚོ་ཏོ་ཡང་སྡེ་བའི་སྔོ་ཚལ་དྲོད་ཁང་ཆེན་མོའི་རྟེན་གཞི་དང་ལྗང་མདོག་རིག་གནས་ཐོན་ལས་གླིང་དུ་བསྐྱོད་དེ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཞབས་དྲུང་སྒར་ཐོག་དགོན་དུ་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བ། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་པ་དང་། དགོན་སྡེའི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་མཐུན་སྦྱོར། ལྗང་འགྱུར་དགོན་སྡེ་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་པར་མ་ཟད་གོམ་སྟབས་རྗེས་མའི་བྱ་བའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཏེ་ནན་གྱིས་བསྟན་དོན། གཅིག་ནས་མདའ་བཞི་རྫོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་འགྲེམས་སྟོན་ཁང་གི་འདོན་འོས་པའི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་བྱང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཀྱི་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། དགོན་པས་དམར་དམག་ནུབ་ལམ་དམག་དཔུང་དང་བཟོ་གྲྭ221ལ་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་ཡིག་གསེད་བཀྲོལ་ནན་ཏན་བྱེད་པ་དང་། བཤམས་སྟོན་ཁང་གི་འགྲེམས་རྫས་རིག་དངོས་ཉར་ཚགས་བྱེད་པ། དགེ་འདུན་པའི་འགྲེལ་བཤད་པ་གསོ་སྐྱོང་བྱས་ཏེ་འགྲེམས་སྟོན་ཁང་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་པའི་སློབ་གསོའི་རྟེན་གཞི་རུ་སྐྲུན་དགོས། གཉིས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་པ་དང་། མཚོ་བྱང་ཁུལ་གྱི་ཁུལ་དཔོན་ཐོག་མ་ཞབས་དྲུང་དཀར་པོས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་རྒྱལ་སྲུང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཆོས་ལུགས་མཐུན་སྦྱོར་ཡོང་པར་སྐུལ་འདེད་བྱས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་སྔོག་འདོན་བྱས་ཏེ། མཚོ་བྱང་ཁུལ་དུ་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས། གསུམ་ནས“ལྗང་མདོག་དགོན་པའི”སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་མིག་སྔའི་སྡོང་འཛུགས་ནགས་བསྐྲུན་བྱེད་པའི་དུས་སྐབས་ཡག་ཤོས་དམ་འཛིན་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་བྱ་བ་ཧུར་ཐག་སྒོས་སྒྲུབ་ནས་དུས་ཚོད་ལྟར་དགོན་པའི་ཕྱི་ནང་གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ཏེ། དགོན་པའི་རྣམ་པ་སྔར་ལས་ལྗང་སྒྱུར་དང་མཛེས་སྡུག་ལྡན་པར་བྱེད་དགོས། བཞི་ནས་མདའ་བཞི་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོ་སྔོན་པོའི་མཚོ་མཆོད་བྱེད་སྒོ་ཚད་ལྡན་དུ་བཏང་ནས་བསང་རྫས་དང་མཚོ་མཆོད་ཡོ་བྱད་སོགས་རང་གསོ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་ཟེར།
ཤ་བོ་སྐྱབས་དང་ཀྲང་ཧྲིན་ཡོན་གྱིས་ལྗང་མདོག་རིག་གནས་ཐོན་ལས་གླིང་དུ་མཚོ་སྔོན་པོ་ཚལ་བཟོས་ལས་སྣོན་ཁེ་ལས་དང་ཆིང་ཧུའུ་ཡོན་ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཁེ་ལས་ཀྱི་འགན་འཁུར་བ་དང་ཁ་བརྡ་གླེང་མོལ་བྱས་ནས་ཁེ་ལས་ཀྱི་འཛུགས་སྐྲུན་གཞི་ཁྱོན་དང་ཐོན་སྐྱེད་བརྒྱུད་རིམ། ཐོན་རྫས་བཟོ་རྩལ་དང་ཕྱིར་ཚོང་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ཕྱུགས་ལས་ལས་སྣོན་ཁེ་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་པར་འགན་ལེན་ཏན་ཏིག་བྱེད་པ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མུ་མཐུད་མང་དུ་གཏོང་པའི་ཐད་འབད་བརྩོན་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་དགོས་པ་སྟེ གཅིག་ནས་བཟང་སྤེལ་ཞན་གསབ་ཀྱི་བྱ་བ་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ཏེ་མཚོ་བྱང་གི་ཁྱད་ལྡན་སྔོ་ཚལ་དང་ཤ་སྐམ། སྐམས་ཤའི་ཁུ་བ་སོགས་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ནས་ཐོན་རྫས་ཀྱི་རིགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ཏེ་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས"རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཏན་ཏིག་བྱས་ཏེ། མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འདེམས་སྤྱོད་དང་ཐོན་རྫས་ཀྱི་སྤུས་ཚད་ལ་འགག་སྒོ་ནན་མོ་སྲུང་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར། ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཀྱི་སྟེགས་བུར་བརྟེན་ནས་མཚོ་བྱང་གི་སྤུས་ལེགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་ནང་གི་ཚོང་པ་ཚོར་མངོན་པར་བྱས་ཏེ་སྤུས་ལེགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཟེར།
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གསེར་ཐང་ཡུལ་ཚོ་དོ་ཡང་སྡེ་བའི་སྔོ་ཚལ་དྲོད་ཁང་རྟེན་གཞིར་སྡེ་བའི"ཨུ་ལྷན་གཉིས"ཀྱི་ཁོངས་མི་དང་བརྗེ་རེས་གཏིང་ཟབ་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་སྔོ་ཚལ་དྲོད་ཁང་ནུས་མཐོའི་ངང་བེད་སྤྱོད་བྱེད་ཚུལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱིས་རང་འགུལ་ངང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་གྲོང་གསེབ་ཀྱི་ལས་ཕྱོད་དམའ་བའི་རྒྱུ་ནོར་ལ་གསོན་ཤུགས་སྩོལ་བའི་ལས་འགན་ལྕི་མོ་ཧུར་ཐག་འཁུར་ནས། ད་ཡོད་ཀྱི་བཟོ་ཁང་དང་དྲོད་ཁང་ཆེན་མོ་དང་དེ་བཞིན་བེད་མེད་དུ་ལུས་པའི་རྨོ་འདེབས་འཕྲུལ་ཆས་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཏང་ཀྲི་པུའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱུ་ནོར་ཐོན་ཁུངས་ལ་གསོན་ཤུགས་སྩོལ་བའི་བྱ་བར་སྐུལ་འདེད་བཏང་ནས། ཕྱུག་འགྱུར་འཇོན་ཐང་ཅན་ལ་བསྟོད་བསྔགས་དང་སྡེ་བའི་ནང་ཕྱིར་ལོག་པའི་སློབ་ཆེན་སློབ་མ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཞུགས་ནས། གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གོང་འཕེལ་ལ་སྐུལ་འདེད་བཏང་ནས་སྡེ་མི་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་ལ་ཕེབས་རོགས་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注