ལྔ་གཅིག་གུང་གསེང་སྐབས། མཚོ་བྱང་གི“རིག་གནས་ཡུལ་སྐོར+”གསོན་ཤུགས་ཕུན་སུམ་ཚོགས།

གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་གུང་གསེང་སྐབས། མཚོ་བྱང་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི7.5657སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི2784.33ཟིན། དུས་མཚུངས་སུ5%དང14.65%སོ་སོར་འཕར་ཡོད། དེའི་ནང་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་དང་བྱེ་མ་གསེར་ལྡན། གངས་དཀར་རི་བོ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། བཙུན་མོ་དམར་ཡག་མའི་ལྗོངས་ཁུལ། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་སོགས་ནི་ཡུལ་སྐོར་བས་ཐོག་མར་འདེམས་པའི་ཡུལ་སྐོར་གྱི་ལྗོངས་ཁུལ(ས་གནས)དུ་གྱུར་ཡོད།

ལྔ་གཅིག་གུང་གསེང་སྐབས། མཚོ་བྱང་ཁུལ་གྱི་ལྗོངས་ཁུལ་མང་པོས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་ཁྲོམ་རའི་དོ་དམ་ལ་ཤུགས་བསྣན་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྣམ་པ་གསར་བའི་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་དུ་བཅུག དེའི་རིང་། སྔ་རྗེས་སུ་མཚོ་བྱང་ཁུལ་གྱིས“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་དང‘རྒྱལ་ཁབ་སྤྱི་གླིང་གཉིས’འཛུགས་བསྐྲུན་ཡག་པོ་བྱེད་པ། ལྔ་གཅིག་ཡུལ་སྐོར་རྫོགས་ལྡན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་གནས་མུ་འབྲེལ་བྱེད་སྒོ་དང་མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་དང་། “རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་རྩལ”ལྷག་རིམ་འགྲན་སྡུར་མཚོ་བྱང་འགྲན་ཁུལ(མདོ་ལ)གྱི་ལུས་སྦྱོང་གདན་ཞུ་འགྲན་སྡུར། “རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ། མཚོ་བྱང་ཁུལ་དཔེ་མཛོད་ཁང་དང་རིག་གནས་ཁང་། ལུས་རྩལ་ཁང་སོགས་རིན་མི་དགོས་པར་རྒྱུན་ལྡན་སྒོ་འབྱེད་དང་། གཙོ་གནད་ལྗོངས་ཁུལ22དང་སྐར་རིམ་ལྡན་པའི་གསོལ་མགྲོན་ཁང18་ཀྱིས་མུ་མཐུད་གཟིགས་སྐྱོང་བྱེད་ཐབས་སྤེལ།


གླེང་རིན་ཡོད་པ་ཞིག་ནི་མཚོ་བྱང་ཁུལ་གྱིས“རིག་གནས+ཡུལ་སྐོར” “ལུས་རྩལ+ཡུལ་སྐོར”“རིག་དངོས་འགྲེམ་སྟོན+ཡུལ་སྐོར”བཅས་ཀྱི་རྣམ་པའི་ཐོག་ནས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་ཡུལ་སྐོར་རྫོགས་ལྡན་དུས་ཚིགས་བསུ་རྒྱུ་དང་རིག་གནས་དང་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད“སྐུལ་འདེད་ཡོ་བྱད”ཀྱི་ནུས་པ་འདོན་སྤེལ་བྱས། བསྡོམས་རྩིས་བྱས་ན། ཡུལ་སྐོར་བའི་ཁྲོད་ཀྱི་མི་ཐེངས་ཁྲི5.6ཙམ་ནི་སྒེར་འཁོར་གཏོང་མཁན་གྱི་ཡུལ་སྐོར་བ་ཡིན་པ་དེས་བསྡུར་ཚད74%ཟིན། ཚོགས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི1.96ཙམ་ཡོད་པ་དེས་བསྡུར་ཚད26%ཟིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号