རྐང་ཚ་རྫོང་གིས2024ལོར་དམངས་ཡོངས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བའི་འགན་བཅོལ་ནང་ཞུགས་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་བྱ་བའི་གཙོ་གནད་ལ་དམིགས་ནས་བྱེད་ཐབས་མང་པོ་སྤྱད་དེ“ཞུགས་དགོས་པ་ངེས་པར་དུ་ཞུགས་པ”མངོན་འགྱུར་བྱས་ཏེ་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་རྒན་གསོའི་འགན་བཅོལ་སྲིད་ཇུས་ཀྱི་དམངས་ཕན་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད། མིག་སྔར2024ལོར་དམངས་ཡོངས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་འགན་བཅོལ་ནང་ཞུགས་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དེའི་ནང་ལས་བཟོ་པ5222འགན་བཅོལ་ནང་ཞུགས་པ་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི03.7%ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི35829འགན་བཅོལ་ནང་ཞུགས་པ་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི101.6%ལེགས་གྲུབ་བྱུང་ཡོད།

མཐོ་རིམ་ལ་སྐུལ་འདེད་རྒྱུན་འཁྱོངས་བྱས་ནས། རིམ་པ་རེ་རེའི་འགན་འཁྲི་བརྟན་དུ་གཏོང་། ལོ་མགོའི་སྨན་བཅོས་འགན་བཅོལ་བྱ་བའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ཡུལ་ཚོ་དང་གྲོང་རྡལ་སོ་སོས་དམིགས་ཚད་འགན་འཁྲིའི་ཡི་གེ་བྲིས་ཏེ2024ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་རྒྱ་སྐྱེད་ཀྱི་བསྡུ་ལེན་བྱ་བ་བཀོད་སྒྲིག་བྱས། དུས་ཚོད་ལྟར་བརྡ་ཁྱབ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡུལ་ཚོ་དང་གྲོང་རྡལ་སོ་སོས་ལོ་འཁོར་གྱི་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་སྐྱེད་ཀྱི་ལས་འགན་སྔ་མོ་ནས་ལེགས་འགྲུབ་ཡོང་བར་སྐུལ་འདེད་བཏང་།

གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞབས་ཞུའི་ནུས་པ་མཐོ་རུ་གཏོང་། སྨན་བཅོས་འགན་བཅོལ་གཉེར་སྐྱོང་མི་སྣའི་བྱ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་གསལ་བོར་བཤད་པ་དང་དྲིལ་སྒྲོག་བྱེད་སྟངས་གཅིག་གྱུར་བྱེད་པ། བསྡུ་ལེན་གྱི་ལས་སྒོ་ཚད་ལྡན་དུ་གཏོང་བ། དངུལ་སྤྲོད་དུས་ཚོད་དང་དངུལ་སྤྲོད་ཚད་གཞི། འགན་བཅོལ་ཞུགས་མཁན། བསྡུ་ལེན་བྱེད་སྟངས། སྲིད་ཇུས་འགན་སྲུང་། ཆ་འཕྲིན་ཞིབ་བསྡུར་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ཏེ་ཡུལ་ཚོ་དང་གྲོང་རྡལ(སྡེ་ཁུལ)སོ་སོའི་སྨན་བཅོས་འགན་བཅོལ་ཆེད་ལས་ལས་སྒྲུབ་ཀྱི་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་མིག་སྔར་ལས་སྒོའི་གསོ་སྦྱོང་ཁྱོན་ཐེངས4ལ་བྱས།

སྡེ་ཁག་མཉམ་འགུལ་རྒྱུན་འཁྱོངས་བྱས་ཏེ། བྱ་བ་མཉམ་སྒྲུབ་གྱི་རྣམ་པ་གཏོད། སྨན་བཅོས་འགན་བཅོལ་དང་སྤྱི་བདེ། དམངས་སྲིད། འཕྲོད་བསྟེན་བདེ་ཐང་། ཁྲལ་དོན། སློབ་གསོ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གྲོང་གསེབ་དར་སྤེལ་སོགས་སྡེ་ཚན་གྱི་གཞི་གྲངས་མཉམ་སྤྱོད་དང་མི་སྣའི་ཆ་འཕྲིན་ཞིབ་བསྡུར་ལ་ཤུགས་བསྣན་ཏེ་བྱིས་པ་དང་སློབ་མའི་ཚོགས་སྤྱི། སྨན་བཅོས་འགན་བཅོལ་རོགས་སྐྱོར་བྱ་ཡུལ་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་དཀའ་ངལ་ལ་འཕྲད་པའི་མི་སྣ་དང་དབུལ་སྐྱོར་བྱ་ཡུལ། དབུལ་བོར་འགྱུར་རྒྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ། གཙོ་གནད་གཟིགས་སྐྱོང་བྱ་ཡུལ། དྭ་ཕྲུག་དང་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་ཐོབ་ཐང་ངོས་འཛིན་དང་འགུལ་རྣམ་སྲུང་སྐྱོང་སོགས་ཀྱི་བྱ་བ་དོན་འཁྱོལ་ཡག་པོ་བྱས་ནས་སྨན་བཅོས་འགན་བཅོལ་ནང་ཞུགས་དགོས་པ་དང་འགན་བཅོལ་གང་ཐུབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号