ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ4པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས66པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། གོམ་སྟབས་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་འཆར་གཞི་གསར་པ་བཀོད་ཡོད་ལ། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་མཉམ་འདྲེས་འབྲེལ་མཐུད་བྱེད་དགོས་པ། ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཟུང་འབྲེལ་སྒོས་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་གྱིས་གཞི་གཅིག་ཏུ་སློབ་སྦྱོང་དང་གཞི་གཅིག་ཏུ་དོན་འཁྱོལ་བྱེད་དགོས། དྲིལ་སྒྲོག་སློབ་གསོའི"བཟོ་སྐྲུན་ཆེན་པོ་བཞི"གསར་སྤེལ་བྱས་ཏེ་མཚོ་བྱང་གི་སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་བཅས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མི་རིགས་སོ་སོ་དང་དུས་སྐབས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོར་བཤད་དགོས། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང"རྒྱུད་གཅིག་ལམ་གཅིག"སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་པུའུ་ཨུ་དང་ཧྲན་ཏུང་ཞིང་ཆེན། ཀྲུང་གོ་འབྲུ་རིགས་དང་གཏེར་ལྔ། རྒྱལ་ཁབ་ནུས་རྒྱུ། ཀྲུང་གོ་ཧྭ་ཡང་སོགས་རོགས་སྐྲུན་ས་ཁུལ་དུ་འཚམས་འདྲི་དང་འབྲེལ་མཐུད་བྱས་པའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱ་རྒྱུར་རྗེས་འདེད་དམ་ཟབ་བྱེད་དགོས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་རི་ཆུ་ནགས་ཞིང་མཚེའུ་བྱེ་མ་འཁྱགས་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་མ་ལག་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ལ་དམིགས་ཏེ་མཚོ་བྱང་ཁུལ་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས།རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱིས་བཏོན་པའི་གནད་དོན་བཅོས་སྒྲིག་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཚད་གཞི་མཐོ་བའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བ། ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་དག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་སྙིང་སྟོབས་འདོན་སྤེལ་དང་ངར་ཤུགས་སྐུལ་ཁྲིད་ཏན་ཏིག་བྱེད་དགོས། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"དང"བཟོ་ལས་གོང་འཕེལ་ལོ"སོགས་གཙོ་གནད་བྱ་བར་དམིགས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་བསྣན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་འདེགས་སྐྱོར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུརགཞིགས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་འགག་སྒྲོལ་བྱ་བའི་སྐུལ་སློང་ཚོགས་ཆེན་དང་ཁུལ་ཡོངས་ཀྱི་ཡུལ་དངོས་སྐུལ་སློང་ཚོགས་འདུའི་དགོངས་དོན་གཞིར་བཟུང་ལྗང་སྒྱུར་རྒྱ་སྐྱེད་དང་ལྗང་སྒྱུར་དར་སྤེལ། ལྗང་སྒྱུར་སྲུང་སྐྱོབ་བཅས་མཉམ་དུ་སྤེལ་བར་རྒྱུན་འཁྱོངས་བྱས་ཏེ་ནམ་མཁའ་གཡའ་དག་ལ་སྤང་ལྗོངས་ལྗང་ལྡེམ་མེར། ཆུ་བོ་དྭངས་གསལ་ལེ་ཡི་མཛེས་སྡུག་གི་མཚོ་བྱང་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། "རི་བོ་གཉིས"ཀྱི་གཞན་སྒྱུར་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་ནགས་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གླ་སོགས་སྲོག་ཆགས་གསོ་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ནགས་རྩྭ་ཐཱན་འདུས་ལས་གཞི་གསོག་འཇོག་དང་གསར་སྤེལ་ནང་འདྲེན་བྱ་རྒྱུ་ཇུས་འགོད་བྱས་ནས་སྐྱེ་ཁམས་ཕན་འབྲས་དེ་དཔལ་འབྱོར་ཕན་འབྲས་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། རིམ་ཁ་སོ་སོའི་ནགས་ཚལ་དང་རྩྭ་དཔོན་གྱི"དྲ་མིག་ཅན"གྱི་དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་དུས་མཇུག་གི་བདག་སྐྱོང་དོ་དམ་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ནད་འབུའི་གནོད་འཚེ་འགོག་བཅོས་དང་ཆུ་འདྲེན་པ། བདག་སྐྱོང་བྱེད་པ་དང་ནགས་ཚལ་མེ་ཟོན་སོགས་ཀྱི་བྱ་བ་ཏན་ཏིག་སྤེལ་ཏེ་ལས་སླ་པོ་མིན་པའི་ལྗང་སྒྱུར་གྲུབ་འབྲས་སྲ་བརྟན་ཡག་པོ་གཏོང་དགོས་ཟེར།

ཚོགས་འདའི་ཐོག་ནན་གྱིས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"སྦྲང་ཟ་གྲོག་རུལ"ལ་ཆད་གཅོད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་དང་དམངས་འཚོའི་དཀའ་གནད་དང་དཀའ་གནད་སོགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚུལ་མིན་སྤྱོད་ཚུལ་དང་སྤྱོད་གཙང་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་ཆད་ལུས་མེད་པར་སྐུལ་འདེད་གཏོང་དགོས། "ཚུལ་མིན་སྤྱོད་ཚུལ"དང"རུལ་སུངས་ཀྱི་གནད་དོན"གནད་ལ་འཁེལ་བའི་སྒོ་ནས་དམིགས་ཏེ་ཕར་འདེད་དང་ནར་འགྱངས། འགོར་འགྱངས་སོགས་ཚུལ་མིན་སྤྱོད་ཚུལ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་པ་དང་། ཟ་བ་དང་ལེན་པ། གཉེན་ཉེ་དང་གྲོགས་པོར་ལྟ་སྐྱོང་། ལྐོག་ཟ་བཙན་བཟུང་སོགས་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་ཟིལ་གནོན་ཤུགས་ཆེན་ཆགས་པར་བྱ་དགོས་ཟེར།

ཚོགས་འདུའི་ཐོག་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བསྐྱར་འཕར་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་ལས་རིགས་སོ་སོ་ཕྱོགས་ཡོངས་ནས་ལས་མགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་མ་བྱས་ཏེ་གཙོ་གནད་ལས་གཞི་གོ་རིམ་ལྡན་པའི་ངང་ལས་མགོ་བརྩམས་པ་དང་འཛད་སྤྱོད་ཁྲོམ་ར་སྤྱིའི་ཆ་ནས་བརྟན་པོ་ཡོད་པའི་མགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད་པར་བསྟན། ཁུལ་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་རྒྱ་ཆེར་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་རིམ་སྤོར་ལ་ཤུགས་རྐྱེན་བཟོ་བའི་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ལས་གཞི་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན་སོགས་ཐད་ལྷག་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ཟླ་རེར་དུས་ཚིགས་འགན་ལེན་དང་དུས་ཚིགས་རེར་ལོ་རེ་འགན་ལེན་བྱས་ནས་དཔལ་འབྱོར་ལུགས་མཐུན་ངང་འཁོར་སྐྱོད་བྱེད་པའི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པར་འགན་ལེན་བྱེད་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་དམ་འཛིན་འགན་ལེན་དང་མཉམ་འབྲེལ་འགན་ལེན་གྱི་ལས་གཞི་གལ་ཆེན་གྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ"1+10"ཡིས་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་གཞིར་བཟུང་ལས་གཞི་འཛུགས་སྐྲུན་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་ལས་གཞིའི་མ་འཇོག་རྒྱུན་མཐུད་ངང་ཤུགས་ཆེའི་རྣམ་པ་རྒྱུན་འཁྱོངས་ཐུབ་པར་འགན་ལེན་བྱེད་དགོས། "ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པ། ཁེ་ལས་ལ་ཕན་འདོགས་པ"བཅས་ཀྱི་སྲིད་ཇུས་བྱེད་ཐབས་དོན་ཚན48དང་། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་འཕེལ་རྒྱས་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་ཁག་བཅུ་དང་། ཚོང་འགུགས་མ་འདྲེན་ལ་སྐུལ་མ་གཏོང་བའི་བྱེད་ཐབས་སོགས་ཕན་ཡོད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་རིན་དངུལ་གཅོག་པ། ཁྲལ་དངུལ་སློག་པ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་ཐབས་བརྒྱ་ཇུས་སྟོང་གིས་རྒྱབ་སྐྱོར་བྱེད་དགོས། ལོ་འགོར་གཏན་འཁེལ་བྱས་པའི་རིགས་ཆེ་གྲས11གི་དམངས་འཚོའི་བཟོ་སྐྲུན45དང་བསྡུར་ནས་སེམས་ཤུགས་དང་བརྩེ་སེམས་ནུས་ཤུགས་ཡོད་རྒུས་དམངས་འཚོ་དོན་དངོས་སོ་སོ་ལེགས་འགྲུབ་དང་ཡག་པོ་བསྒྲུབས་ཏེ་མང་ཚོགས་ལ་སྔར་ལས་ལྷག་པའི་ཐོབ་ཚོར་མང་པོ་ཡོང་བར་བྱེད་དགོས་བསྟན།

ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དོན་ཚན་སྒྲུབ་ཚུལ་གྱི་སྙན་ཞུ་གསན་པ་དང<<མཚོ་བྱང་ཁུལ་རྒན་རྒོན་གྱི་བཟའ་བཏུང་རོགས་སྒྲུབ་ཞབས་ཞུའི་ལག་བསྟར་ཇུས་གཞི>>སོགས་ཡིག་ཆར་གྲོས་ཞིབ་བྱས་ནས"ལྔ་གཅིག"གུང་གསེང་རིང་བདེ་འཇགས་ཐོན་སྐྱེད་དང་རིག་གནས་ལུས་རྩལ་བྱེད་སྒོ། ལས་རེས་ལས་སྲུང་། སྤྱོད་གཙང་དུས་ཆེན་གཏོང་བ་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号