མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་འཚོགས། ཤ་བོ་སྐྱབས་ཀྱིས་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། 

ཟླ5པའི་ཚེས1ཉིན། མཚོ་བྱང་ཁུལ་གྱིས"'མདེལ་གཉིས་སྐར་གཅིག'གི་སྙིང་སྟོབས་དར་སྤེལ་གཏོང་བ་དང'རྒྱལ་ཁབ་སྤྱི་གླིང་གཉིས'འཛུགས་སྐྲུན་ཡག་པོ་བྱས་ཏེ་ལྔ་གཅིག་རྫོགས་ལྡན་ཡུལ་སྐོར་དུས་ཚིགས་བསུ་བའི"རིག་གནས་ཕྲེང་བསྟར་བྱེད་སྒོ་ལས་མཚོ་བྱང་ཁུལ་གྱི་མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི་མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་དེ་ནུབ་མཚོ་ལུས་རྩལ་ར་བ་རུ་སྤྲོ་སེམས་འཁོལ་བའི་ངང་སྤེལ་མགོ་བརྩམས། མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་གདན་ཞུས་ལྟར་ཐེངས་འདིའི་བྱེད་སྒོར་ཞུགས་མཁན་གྱི་སྐུ་མགྲོན་རྣམས་དང་མཉམ་དུ་མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་ཆེན་མོ་དང་དཔའ་བོའི་རྡུལ་ཕྲན་མཁར། ངོ་མཚར་ཆེ་བའི་སྨོན་ལམ་མཐོན་པོའི་འདབས་རོལ་ནས་རྟ་མཆོག་བང་རྩལ་འགྲན་པའི་གཟབ་རྒྱས་ལྟད་མོར་རོལ་མྱོང་བྱས།

མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་ལ།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞིས་ཀྲིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་བཅས་ཞུགས། མགོ་བརྩམས་མཛད་སྒོ་ནི་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་གཙོ་སྐྱོང་གནང་།

ཀྲང་ཧྲིན་ཡོན་གྱིས་ཤིས་ཚིག་ཕུལ་སྐབས། མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་ས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་གནས་ཁུལ་གལ་ཆེན་ཞིག་རེད། སྤྱི་ལེ་གྲུ་བཞི་མ་ཁྲི3.41ཡོད་པའི་ས་ཆ་དེ་རུ་བརྗིད་ཆགས་མདོ་ལ་རི་བོའི་བརྟན་ཞིང་འགྱིང་ལ་རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་ནི་གནས་དེ་རུ་ཁྲ་བཏབ་པ་དང་ལྟར་བཞུགས། “མདོ་ལ་རི་ཡིས་ཕྱུག རྐང་ཚ་མཚོ་ཡིས་ཕྱུག”ཅེས་པའི་མཚན་སྙན་ཡང་ཡོངས་སུ་ཁྱབ་ཡོད། མཚོ་སྔོན་གྱི་ལང་གྱོ་རྒྱ་དེ་ས་གཤིས་བཟང་བའི་རྩྭ་ཐང་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བསྐྱོད་ཅིང་། གྲངས་ཉུང་མི་རིགས23འདུས་པ་ལས་གྲུབ་པའི་རྩྭ་ཐང་གི་རྟ་རྒྱུག་རིག་གནས་ཀྱི་ནང་དོན་གཏིང་ཟབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ནང་ཧུར་ཐག་སྒོས་ཞུགས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་རིམ་བཞིན་འཚོལ་ཞིབ་བྱས་ནས་ཕྱོགས་དེར་བསྐྱོད་ཡོད། ལྷག་པར་དུ“ལྔ་བཅུ་བཞིའི”ཚུན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྟ་རྒྱུག་བྱེད་སྒོ་གང་མང་སྤེལ་བས་རྒྱ་ཆེའི་རྟ་རྒྱུག་ཚོགས་པ་དང་རྟ་གྲོགས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་བཅས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱས་ནས་སྤྱི་ཚོགས་ཀྱི་ཁས་ལེན་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ད་ལོ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་འཁོར25ལོན་པ་དང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི“སྤུས་ཚད་མཐོར་གཏོང་གི་ལོ”ཡང་ཡིན། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་རིག་གནས་ཕྲེང་བསྟར་བྱེད་སྒོ་མགོ་འཛུགས་ས་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཞེངས་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཏེ། “རི་ཆུའི་འབྱུང་གནས•རབ་མཛེས་མཚོ་སྔོན•དག་སྣང་མཚོ་བྱང”གི་ཆས་རྟགས་ཀྱི་ཕན་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་པར་མ་ཟད། མགོ་ཁྲིད་རྣམ་པ་དང་སྐུ་མགྲོན་རྣམ་པ། སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་ཚོས་ནམ་རྒྱུན་མཚོ་བྱང་ལ་སེམས་ཁུར་དང་རྒྱབ་སྐྱོར། མཚོ་བྱང་དྲིལ་སྒྲོག་འོས་སྦྱོར་བྱས་ཏེ་མཚོ་བྱང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཆས་རྟགས་དེ་བས་མང་བ་གསར་འདོན་དང་གཟེངས་སུ་ཐོན་པ། ཕན་འབྲས་ཐོན་པ་བཅས་བྱས་ནས་མཚོ་བྱང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་འབྲི་རྒྱུའི་ལྷག་བསམ་ཟོལ་མེད་ཀྱིས་རེ་བ་འདོན་བཞིན་ཡོད་ཟེར། 

ཚོགས་འདུ་གཟབ་རྒྱས་ངང་མགོ་བརྩམས་མ་ཐག རྔ་སྒྲ་དང་མཉམ་དུ་དཔའ་ཉམས་ལྡན་པའི་རྟ་དམག་རུ་ཁག་གྲལ་མཉམ་པའི་ངང་མངོན་བྱུང་ལ། རྟེན་འབྲེལ་དང་སྨོན་ལམ་གྱི་ཁ་གཡང་ཁྱེར་བའི་མདའ་བཞི་རྟ་རྩལ་རུ་ཁག་གིས་རྐྱལ་རྩལ་ཁྲོད་རྟ་མཆོག་གི་རྨིག་སྒྲ་དང་མཉམ་དུ་རྟ་རྩལ་ངོམ། སྒ་ལ་རྡོག་པས་མནན་ནས་གུས་འདུད་ཞུ་བ་དང་མྱུར་མོར་མགོ་རྟིང་སློག་པ། རྟའི་ཐོག་ལ་མཆོང་བ་བཅས་ངོ་མཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་གྱི་མཐོང་ཚོར་གྱིས་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་དང་དམིགས་བསལ་གྱི་བྱ་ཐབས་ཐོག་ནས་རྩྭ་ཐང་གི་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མཚོན།

འཁྲུག་ཆ་དོད་པའི་རྣམ་པའི་ཁྲོད་མགོ་བརྩམས་མཛད་སྒོའི་འཁྲབ་སྟོན་དངོས་སུ་མགོ་བརྩམས་ཤིང་། ཁུལ་མི་རིགས་གླུ་གར་ཚོགས་པས་བློ་ཞིབ་མོས་སྒྲིག་བཟོ་བྱས་པའི་ལེ་ཚན<<མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང་གིས་ཁྱེད་ལ་དགའ་བསུ་ཞུ།>> <<དཔའ་རིས་བསྟོད་པ།>> <<བཀྲ་ཤིས་མཚོ་བྱང་།>>དང་གཟུགས་འདས་ཤུལ་བཞག་འགྲེམས་སྟོན<<རྒྱང་རིང་གི་རྔ་སྒྲ།>> མི་རིགས་གླུ་བ་ཚོས་བརྩེ་སེམས་ལ་བརྟེན་ནས་འཁྲབ་སྟོན་བྱས་པའི་གླུ་གཞས<<རྒྱང་ཐག་རིང་བའི་གནས་དེ་ཐག་མི་རིང་ངོ།>> <<ལྷ་མོ་མེ་ཏོག>> <<གསེར་བུམ་དང་འདྲ་བའི་རི་བོ>>དང་། དམངས་སྲོལ་གླུ་གར་སྟེགས་བུ་དང་མཉམ་དུ་མཚོ་བྱང་གི་བུ་བུ་མོ་དཔའ་ངར་ཆེ་ཞིང་གཟི་ཉམས་ལྡན་པ་དང་། འཚོ་བར་དགའ་ཞེན་ཆེ་བ། ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་རེ་རེ་འཁྲབ་སྟོན་བྱས་ཏེ་ཚང་མར་སྲོལ་རྒྱུན་དང་དེང་རབས་དང་། མི་རིགས་དང་ས་ཁོངས་མཉམ་འདྲེས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ། དེ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ཟློས་གར་དང་གཟུགས་འདས་ཤུལ་བཞག་འགྲེམས་སྟོན། འགྲན་ཞུགས་པ་དང་ཕྲེང་སྒྲིག་རུ་ཁག་སོ་སོ་ཚོགས་ར་བསྐྱོད་པ་སོགས་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་ལ་བརྟེན་ནས་མཚོ་བྱང་མི་དམངས་ཀྱི་སྤྲོ་སེམས་དང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་སྔར་བས་མངོན་པར་བྱས་ཡོད།

མཚོ་བྱང་ལ"རྟ་རྒྱུག་གི་ཕ་ས"ཞེས་པའི་མཚན་སྙན་ཡོད་པ་དང"གསེར་དངུལ་ཐང་གི་རྟ་རྩལ"དེ་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པའི་ནང་བཅུག་ཡོད། ལོ་ལྟར་དཔྱིད་དབྱར་གཉིས་ཀྱི་འབྲེལ་མཚམས་དང་དབྱར་སྟོན་གྱི་མཚམས་སུ་གཞི་ཁྱོན་མི་འདྲ་བའི་དམངས་ཁྲོད་རྟ་རྒྱུག་བྱེད་སྒོ་དང་ན་ཏ་མུའུ་སྤྲོ་ཚོགས་དེ་ཁུལ་ཡོངས་ཀྱི་གང་ས་གང་དུ་སྤེལ་བཞིན་ཡོད། མཚོ་སྔོན་མཚོ་བྱང་མཚོ་སྔོན་པོའི་རྟ་རྒྱུག་བརྗེ་རེས་ཚོགས་ཆེན་དང་མཚོ་སྔོན་འཇུ་ལག་གི་སྐབས་དང་པོའི"མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི"རྟ་རྒྱུག་ཚོགས་ཆེན་དང་། "ཞལ་དཀར་རྟགས་མའི"མཐོ་སྒང་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོ་སོགས་རྟ་རྒྱུག་བྱེད་སྒོ་ཆེ་གྲས་གོ་རིམ་བཞིན་གྲུབ་འབྲས་ཐོབ་པའི་ངང་སྒྲུབ་པ་དང་། རྟ་ལ་བརྟེན་ནས་ཕྱོགས་ཡོང་མགྲོན་པོ་བསུ་ལེན་དང་འགྲན་སྡུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟའི་རིག་གནས་ཐོན་ལས་ལ་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་གྱི་དུས་ཡུན་ཉིན་གཉིས་ཡིན་པ་དང་། དེའི་རིང་ས་གནས་སོ་སོ་ནས་ཡོང་བའི་རྟ169དང་གཡག25འགྲན་སྡུར་ནང་ཞུགས་ཡོད་ལ། འགྲན་སྡུར་ལ་རྟ་རྒྱུག་དང་གཡག་རྒྱུག་གི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་ཕྱི་རྟའི་རྒྱུག་རྟ་སྨི5000གི་འགྲན་སྡུར་དང་། འབྲོག་རྟའི་རྒྱུག་རྟ་སྨི3000གི་འགྲན་སྡུར། ཕྱི་རྟའི་གོམ་རྟ་སྨི3000གི་འགྲན་སྡུར། འབྲོག་རྟའི་གོམ་རྟ་སྨི2000གི་འགྲན་སྡུར། འབྲོག་རྟའི་བུད་མེད་གོམ་རྟ་སྨི1000གི་འགྲན་སྡུར།གཡག་རྒྱུག་སྨི300ཡི་འགྲན་སྡུར་ཚུད་ཡོད། འགྲན་སྡུར་ནི་དམངས་ཁྲོད་ཀྱི་རྒྱུག་ཡུན་དུས་ཚོད་ཀྱི་རིང་ཐུང་ལྟར་བླང་དོར་བྱེད་པའི་འགྲན་སྡུར་བྱེད་ཐབས་བཀོལ་ཡོད་ལ། རྟ་ཡི་མིང་ཐོ་འགོད་པའི་གནས་ཚུལ་ལ་གཞིགས་ནས་ཚོ་ཆུང་བགོས་ནས་འགྲན་བསྡུར་བྱེད་རྒྱུ་རེད། བྱ་དགའ་སྤྲོད་ཐབས་ནི་རྒྱུག་འབྲས་ལ་གཞིགས་ནས་འབྲོག་རྟའི་གོམ་རྟའི་རྒྱུག་འབྲས་སྔོན་ན་གནས་པའི་མི12ལེན་པ་དང་། བུད་མེད་གོམ་རྟ་དང་ཕྱི་རྟའི་གོམ་རྟ། འབྲོག་རྟའི་རྒྱུག་རྟ། ཕྱི་རྟའི་རྒྱུག་རྟ། གཡག་རྒྱུག་སོ་སོ་ནས་རྒྱུག་འབྲས་སྔོན་ལ་གནས་པའི་མི8བླངས་སྟེ་བྱ་དགའི་དངུལ་དང་དང་གཟི་བརྗིད་དཔང་ཡིག་སྤྲོད་རྒྱུ་རེད།

ད་ལྟ་མཚོ་བྱང་གི་རྟ་རྒྱུག་དང་རྐང་བགྲོད། མདའ་འཕེན། ལྕགས་རྟ་སོགས་འགྲན་བསྡུར་ཆེན་པོ་བཞི་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བཞིན་ཡོད་པ་དང་། མཚོ་བྱང་ནས་ཡིན་པའི་ལུས་རྩལ་པ་ཚོས་རྒྱལ་སྤྱི་རྒྱལ་ནང་གི་གར་སྟེགས་སྟེང་གཟི་དཔལ་རྒྱས་ཤིང་གྲུབ་འབྲས་བླངས་ཡོད། མཚོ་བྱང་གི་རྟ་རྒྱུག་འགྲན་སྡུར་དེ་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར་དང་དེང་རབས་ཀྱི་ལུས་རྩལ་འགྲན་སྡུར། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན། ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མཚོ་བྱང་གིས་ལུས་རྩལ་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བར་རོགས་རམ་དང་། མི་རིགས་ཀྱི་རིག་གནས་བརྗེ་རེས་དང་ཕྱི་ཕྱོགས་ལ་བརྗེ་རེས་མཉམ་ལས་བྱེད་པའི་ལས་སྟེགས་བསྐྲུན་ཏེ། མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང་གི་སྙན་པ་སྔར་ལས་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号