ཨ་རིག་ཡུལ་ཚོ་ཆུ་འཁོར་སྡེ་བས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པ།
ད་ལོ་ནས་བཟུང་ཨ་རིག་ཡུལ་ཚོ་ཆུ་འཁོར་སྡེ་བས་སྡེ་བ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་ནས་སྡེ་བ་རིམ་པའི་རྩ་འཛུགས་ཀྱི“འབབ་འཕར་ནུས་པ”དང“ཕྱུག་ཁྲིད་ནུས་པ”ཏན་ཏིག་སྒོས་ཆེ་རུ་བཏང་སྟེ་སྡེ་བ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།
ཨ་རིག་ཡུལ་ཚོ་ཆུ་འཁོར་སྡེ་བ་བོད་ལུག་སྟོང་གི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིར་བསྐྱོད་པ་ན། ཚད་ལྡན་ཅན་གྱི་ལུག་ར་གཉིས་དང་རྩྭ་ཁང་གཅིག ལུད་སྤུངས་ར་བ་བཅས་ཆ་ཚང་ཡོད་པར་མ་ཟད་གསོ་ལུག་ལ་ཤ་ཤེད་ཀྱང་ཧ་ཅང་ལེགས།
ཆུ་འཁོར་སྡེ་བས་བོད་ལུག་སྟོང་གི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་ལས་གཞི་རེ་ཞུ་བྱས་ནས་མོ་ཕྱུགས(མདོ་ལའི་བོད་ལུག་བལ་དཀར)1400ཉོ་སྒྲུབ་དང་ཐོན་སྐྱེད་བྱས་ལ། ལག་བསྟར་བྱས་པའི་ཕྱུགས་ལས་འཛུགས་སྐྲུན་ལས་གཞིའི་ས་ཁྱོན་མུའུ6.9ཙམ་ཟིན་པ་དང་མ་དངུལ་བསྡོམས་འབོར་སྒོར་ཁྲི381.54བཏང་ཡོད།
ཆུ་འཁོར་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར“རང་རེའི་སྡེ་བས“སྡེ་བའི་ཨུ་ལྷན་གཉིས+སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང+འགན་གཙང་ལེན་ཁྱིམ་ཚང”གཉེར་སྐྱོང་བྱེད་སྟངས་བརྒྱུད་འབྲོག་ཁྱིམ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་པ་དང་། སྡེ་བའི་ཁྱིམ་ཚང13ལ་གསོ་སྤེལ་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བས་ཆུ་འཁོར་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལོ་རེར་སྒོར་ཁྲི22.4ཟིན་ཡོད། དུས་མཇུག་ཏུ་ད་ཡོད་ཐོན་ཁུངས་ལ་བརྟེན་ནས་འབྲེལ་ཡོད་ལས་གཞིར་རེ་ཞུ་ཕུལ་བ་བརྒྱུད་བཤས་གཏོང་ལས་སྣོན་དང་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད། གསོན་ཟོག་ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་མ་ལག་གཙོ་བོ་མངོན་འགྱུར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱིས་བོད་ལུག་བལ་དཀར་གསོ་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་འབྲོག་པའི་ཡོང་འབབ་ནུས་ལྡན་ངང་ཆེ་རུ་གཏོང་བ་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། ཨ་རིག་ཡུལ་ཚོ་ཆུ་འཁོར་སྡེ་བས་མིག་སྔའི་བར་སྡེ་བ་ཡོངས་སུ་གཞི་ཁྱོན་ཅན་གྱི་གསོ་སྤེལ་མཉམ་ལས་ཁང3བཙུགས་འདུག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注