མཚོ་བྱང་ཁུལ་གྱིས"ལྔ་གཅིག་བསུ་བའི"ལས་བཟོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ།

ཟླ་བཞི་པའི་བསིལ་རླུང་འཇམ་པོ་མཚོ་བྱང་གི་ས་གཞི་ཆེན་མོར་ལྡང་ལ། "ལྔ་གཅིག"རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་བྱང་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་མཉམ་འབྲེལ་སྒོས་གཉེར་བའི་མཚོ་བྱང་ཁུལ་གྱི2024ལོའི"རྡུལ་ཕྲན་མཁར་རྟགས་མའི"ལས་བཟོ་བའི་ཐག་འཐེན་འགྲན་སྡུར་དང"སྟོབས་ལྡན་བཞིའི"གདན་ཞུའི་ལག་རྩེད་སྤོ་ལོ་འགྲན་སྡུར་དེ་ཉིན་བཞིའི་འགྲན་སྡུར་བརྒྱུད། ཟླ4པའི་ཚེས26ཉིན་ནུབ་མཚོ་གྲོང་རྡལ་དུ་རྒྱལ་ཁའི་ངང་མཇུག་སྒྲིལ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཞུག་ཙུང་བྱ་དགའ་སྟེར་བའི་མཛད་སྒོར་སླེབས་ཏེ་བྱ་དགའ་ཐོབ་པའི་འཐུས་ཚབ་པར་བྱ་དགའ་གནང་།

བྱེད་སྒོའི་ནང་རྒྱ་ཆེའི་ལས་བཟོ་མང་ཚོགས་ཧུར་ཐག་གིས་ཞུགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་མཐུན་སྒྲིལ་ཡར་ཐོན་དང་འབད་བརྩོན་ལྷུར་ལེན། བློ་རྩ་བརྟན་པོས་འབད་བརྩོན་བཅས་བྱས་ཏེ་དཔའ་མཛངས་རྟུལ་ཕོད་ངང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་ཀྱི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད། 

ཐག་འཐེན་འགྲན་སྡུར་ཁྲོད། རུ་ཁག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་དམ་ཟབ་བྱས་ཤིང་། ཉིན་བཞིའི་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད། མཇུག་མཐར་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འཐུས་ཚབ་རུ་ཁག་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འཐུས་ཚབ་རུ་ཁག ཁུལ་སྤྱི་བདེ་ཅུས་ཀྱི་འཐུས་ཚབ་རུ་ཁག་བཅས་སོ་སོར་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ། 

ལག་རྩེད་སྤོ་ལོ་འགྲན་སྡུར་ཁྲོད། མཚོ་བྱང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་དྲག་ཆས་ཉེན་རྟོག་མཚོ་བྱང་རུ་ཆེན། ཁུལ་སློབ་གསོ་སྡེ་ཁག ནུབ་མཚོ་གྲོང་རྡལ་སྲིད་གཞུང་བཅས་རུ་ཁག་བཞིས་མཛའ་བརྩེའི་འགྲན་སྡུར་སྤེལ་ཞིང་། རུ་ཁག་སོ་སོས་ཕན་ཚུན་ཕར་རྒོལ་དང་ཚུར་སྲུང་། ཐབས་ཤེས་ཀྱི་སྤོ་ལོ་བརྒྱུད་སྤྲོད། ཉམས་ཀྱིས་ཕྱུགས་པའི་ལུས་ཀྱི་འཁོར་སྟངས། གཟི་ཚད་མཐོ་བའི་སྤོ་ལོ་འཕེན་པ་སོགས་སྐད་ཅིག་གི་ངོ་མཚར་རྒྱུན་ཆད་མེད་པར་མངོན་ལ། འགྲན་ཞུགས་པ་རྣམས་ཀྱི་སྤྲོ་སེམས་རབ་ཏུ་རྒྱས་ཤིང་དཔའ་ངར་གྱི་རྩལ་ཤུགས་དང་། ངོ་མཚར་ཆེ་བའི་གཞོགས་འདེགས་ཀྱིས་མཐུན་སྒྲིལ་རོགས་རེས་དང་འབད་འཐབ་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་མངོན།

ཐེངས་འདིའི་བྱེད་སྒོ་ནི་ལས་བཟོ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གསར་བརྗེའི་མཚོ་བྱང་དང་གསར་བརྗེའི་གྲོང་རྡལ་ཆུང་ངུ་དྲིལ་སྒྲོག་དང་འོས་སྦྱོར་ཤུགས་ཆེན་བྱེད་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་པ། ཏང་གི་རྗེས་སུ་འབྲངས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་སྔར་བས་བསྐྲུན་ཡོད་ལ། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号