ཁུལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་།


ཟླ4པའི་ཚེས23ཉིན། ཁུལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་ནུབ་གྲོང་རྡལ་དུ་འཚོགས་ལ། ཚོགས་འདུའི་ཐོག་ཡང་བསྐྱར་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་དང་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་བྱ་བའི་འཕེལ་རིམ་ལ་ཉན་ཞིང་གོམ་སྟབས་རྗེས་མའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་བྱང་གིས་རྗེས་འཕེལ་ལེགས་ཆ་གསོ་སྐྱོང་དང་བསྙེགས་བརྒལ་མངོན་འགྱུར་ཡོང་བར་ཤོར་མི་རུང་བའི་འཐབ་ཇུས་ཀྱི་གདམ་ག་དང་འགྲན་ལམ་གལ་ཆེན་ཞིག་རེད། མཚོ་བྱང་གི་ས་རྒྱ་ཆེ་ཞིང་ནམ་ཟླ་འཁྱག་བསིལ། མཁའ་རླུང་གཙང་བ། ཁོར་ཡུག་སྐམ་ཤས་ཆེ་བ་བཅས་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་དགེ་མཚན་ལྡན་ལ། ཆུ་དང་རླུང་། འོད་སོགས་ནུས་ཁུངས་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ལྗང་མདོག་མ་གནས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ཡོད། དེ་དང་ཆབས་ཅིག་འགྲིམ་འགྲུལ་དྲ་བ་སྟབས་བདེ་ལ་ཤར་གཏོང་ཐུབ་པ་དང་མྱུར་བགྲོད་ལྕགས་ལམ།  མཁའ་འགྲུལ་བཅས་ཚང་མ་མངོན་འགྱུར་བྱུང་ནས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལམ་རྒྱ་ཆེན་པོ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། གཅིག་ནས་རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་མགོ་ཚུགས་པའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་མདུན་དུ་སྐྱོད་པ་དང་གོ་སྐབས་སྔོན་ལ་འཛིན་པ། རང་འགུལ་ཐོབ་པ་བཅས་བྱས་ཏེ་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས། གཉིས་ནས་སྡེ་ཁག་སོ་སོའི་འགན་ནུས་དང་འགན་འཁྲི་ཟུང་འབྲེལ་བྱས་ཏེ་ཧྲན་ཏུང་ཅི་ནན་ལན་ཅན་ཅུན་ཆ་འཕྲིན་ཚན་རྩལ་གསར་པ་ཚད་ཡོད་སྤྱི་གཉེར་ཁང་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་མཐུན་སྦྱོར་དང་། རྗེས་སྙེག་དོན་འཁྱོལ་བཅས་ཀྱི་བྱ་བ་ཡག་པོ་བསྒྲུབ་ནས་བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞི་སྔ་མོ་ནས་བདེ་བླག་ངང་དོན་འཁྱོལ་ཐུབ་པར་བརྩོན་ལེན་བྱས་ཏེ་མཚོ་བྱང་གི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། གསུམ་ནས་ཧྲན་ཏུང་ཞིང་ཆེན་དང་མཉམ་ལས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་མི་སྣ་ཧྲན་ཏུང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་གང་མགྱོགས་སྒྲིག་འཛུགས་བྱས་ཏེ་ཧའེ་ཤིན་དང་ཧའེ་ཨེར། ལང་ཁྲོ་སོགས་རིག་ནུས་རྩིས་ནུས་འཕེལ་རྒྱས་གཏོང་མགོ་ཚུགས་སྔ་བ་དང་རྨང་གཞི་ལེགས་པའི་ཁེ་ལས་ཚོགས་པར་དྲིལ་སྒྲོག་འོས་སྦྱོར་བྱེད་པར་བསྐྱོད་དེ་ཁེ་ལས་ཀྱིས་ལྗང་མདོག་རྩིས་ནུས་ཐོན་ལས་ཐད་མཚོ་བྱང་དུ་མ་དངུལ་འཇོག་ཚུལ་བཀོད་སྒྲིག་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། བཞི་ནས་ཁུལ་གྱི་གཞི་གྲངས་ཆེན་མོ་ལྟེ་གནས་ཀྱི་འགན་ནུས་འཕོ་འགྱུར་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཁུལ་གྱི་མངའ་ཁོངས་ནང་གི་མ་ལག་བསྡུ་སྒྲིལ་དང་གཞི་གྲངས་མཉམ་སྤྱོད་ལ་ཤུགས་བསྣན་ཏེ་སྲིད་གཞུང་གི་དོ་དམ་ཆུ་ཚད་དང་ཞབས་ཞུའི་ཕན་ནུས་ངེས་པ་དོན་གྱིས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ལྔ་ནས་ཁེ་ལས་ཀྱི་མ་གནས་གཅོག་པ་དང་། ཞབས་ཞུ་ལེགས་གཏོང་། སྲིད་ཇུས་འདོན་པ་བཅས་ཀྱི་བྱེད་ཐབས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་སྲིད་ཇུས་ཀྱི་རོགས་སྐྱོར་གསལ་ཐོ་སྒྲིག་དགོས་ལ། ཚོགས་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ས་གནས་སོ་སོ་རུ་ལྗང་མདོག་རྩིས་ནུས་ཐོན་ལས་ཚོང་འགུག་བྱས་ཏེ་སྤུས་ལེགས་ཁེ་ལས་སྔར་ལས་མང་བ་མཚོ་བྱང་དུ་རྩ་བ་ཚུགས་ནས་འཕེལ་རྒྱས་ཡོང་ཐབས་བྱ་དགོས། དྲུག་ནས་བདག་པོའི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གློག་དྲ་དང་སྤོ་འགུལ། གློག་འཕྲིན། འབྲེལ་འཕྲིན། ལྕགས་སྒྲོམ་སོགས་སྤྱི་གཉེར་ཁང་གི་བྱ་བའི་འགན་འཁྲི་འཁུར་སེམས་དང་དུས་གཏུག་གི་བསམ་པ་ཆེ་རུ་བཏང་སྟེ"རང་ཉིད་ཀྱི་ནུས་པར"གཞི་ཚུགས་ནས་ཞིང་ཆེན་སྤྱི་གཉེར་ཁང་དང་སྙན་སེང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་སྒོས་སྲིད་ཇུས་དང་ལས་གཞི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་དགོས། བདུན་ནས་བྱ་བའི་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་ལྗང་མདོག་རྩིས་ནུས་བྱ་བའི་སྐུལ་འདེད་གཏོང་ཚུལ་ལ་དམིགས་ནས་དུས་བཀག་ལྟར་ཚོགས་འདུ་འཚོགས་ཏེ་ཕྱོགས་སོ་སོའི་སྙན་ཞུར་ཉན་པ་དང་དཀའ་ངལ་ཡོད་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་འཛུགས་སྐྲུན་དང་ཤར་གྲངས་ཀྱི“ནུབ་རྩིས་དང་ནུབ་གསོག ནུབ་སྦྱོང”སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་བྱས་ནས་ལྗང་མདོག་རྩིས་ནུས་སྲིད་ཇུས་དང་ཐོན་ལས་ཐད་ཀྱི་སློབ་སྦྱོང་དང་ཞིབ་འཇུག་ལ་སྔར་བས་ཤུགས་བསྣན་ཏེ་གང་ཞིག་གསལ་བོར་བཟོ་བ་དང་ཅི་ཞིག་སྒྲུབ་པ། ཇི་ལྟར་སྒྲུབ་པ་བཅས་ཀྱི་གནད་དོན་གསལ་པོ་བཟོས་ནས་རང་སྣང་ངོས་འཛིན་དེ་དུས་བབ་འགྱུར་ལྡོག་གི་རྗེས་ཟིན་པ་དང་བྱ་བའི་ནུས་པ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཐུབ་པར་བྱེད་དགོས། གཉིས་ནས་འབྲེལ་མཐུད་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ། རང་འགུལ་ངང་མདུན་ཕྱོགས་ལ་བརྟེན་ནས་ཞབས་འདེགས་ཞུ་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་གནད་དོན་ལ་འཕྲད་སྐབས་དུས་ཐོག་ཏུ་ཚུར་བཏོན་ཐག་གཅོད་བྱས་ནས་བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞི་མགྱོགས་མྱུར་སྒོས་ལག་བསྟར་དང་མགྱོགས་མྱུར་སྒོས་འཛུགས་སྐྲུན། མགྱོགས་མྱུར་སྒོས་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གསུམ་ནས་ཧྲན་ཏུང་ཅི་ནན་ལན་ཅན་ཅུན་ཆ་འཕྲིན་ཚན་རྩལ་གསར་པ་ཚད་ཡོད་སྤྱི་གཉེར་ཁང་དང་གན་རྒྱ་གྲུབ་འབྲས་ཐོབ་པའི་ངང་འཇོག་རྒྱུ་གོ་སྐབས་སུ་བྱས་ཏེ་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་མཚོ་བྱང་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆར་བརྟེན་ནས་ཚོང་འགུགས་མ་འདྲེན་བྱ་བར་མུ་མཐུད་ཤུགས་བསྣན་ཏེ་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་སྦྲེལ་ཐག་སྔ་ཕྱིའི་རིམ་པའི་སྤུས་ལེགས་ཁེ་ལས་དེ་བས་མང་བ་མཚོ་བྱང་དུ་བཀོད་སྒྲིག་བྱེད་དགོས་ཟེར།

ཚོགས་འདུའི་ཐོག རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་ཁང་དང་། ཀྲུང་གོ་སྤོ་འགུལ་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་།    ཀྲུང་གོ་གློག་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་།  ཀྲུང་གོ་འབྲེལ་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་། ཀྲུང་གོ་ལྕགས་སྒྲོམ་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་འཕེལ་སྒྱུར།  ཁུལ་བཟོ་འཕྲིན།  ཁུལ་གཞི་གྲངས་ཆེན་མོ་ལྟེ་གནས་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།     

མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号