མཚོ་བྱང་ཁུལ2024ལོའི་ཀུན་གྱིས་དོ་སྣང་བྱེད་སའི་ཡུལ་སྐོར་བྱ་ཡུལ་གྱི་མིང་ཐོའི་ཁྲོད་ཚུད།


ཟླ4པའི་ཚེས20ཉིན། ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཞེ་ཁྲིན་སྡེ་ཚོགས་དང་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པའི"ཡུལ་སྐོར་བྱེད་ནCའདེམས་པའི"འཐབ་ཇུས་ཐོག་མར་འགྲེམས་སྤེལ་བྱེད་པའི་ཚོགས་ཆེན་ཨན་ཧྲན་གྲོང་ཁྱེར་དུ་འཚོགས་པ་དང་། ཚོགས་ཆེན་ཐོག2024ལོའི་ལོ་འཁོར་མོའིCགྲོང་གི་ཡུལ་སྐོར་འཕེལ་ཕྱོགས་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྲོང་ཁྱེར་མང་པོའི་ཁྲོད་འབུར་དུ་ཐོན་ནས2024ལོའིCགྲོང་ཀུན་གྱིས་དོ་སྣང་བྱེད་སའི་ཡུལ་སྐོར་བྱ་ཡུལ་བཅུའི་མིང་ཐོའི་ནང་ཚུད།

མཚོ་སྔོན་གྱིCགྲོང་མཚོ་བྱང་ཁུལ་དང་། ཧྲན་ཏུང་གིCགྲོང་ཙི་པོ། ཧོ་རན་གྱིCགྲོང་ལུའོ་དབྱང་། ཧྥུའུ་ཅནCགྲོང་ཆོན་ཀྲོའུ་སོགས་རྒྱལ་ནང་གིCགྲོང27གྱི་འཐུས་མི་ལེའོCཨན་ཧྲན་དུ་འཛོམས་ནས་རྒྱལ་ཡོངས་ས་གནས་སོ་སོའི་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། རིག་གནས་ཡུལ་སྐོར་ཆེད་མཁས་པ་དང་རིག་གནས་ལས་རིགས་ཀྱི་མ་འཇོག་མཁན། རིག་གནས་ལས་རིགས་ཀྱི་ཁེ་ལས་པ་ཆེན་པོ། ཡུལ་སྐོར་བ་དང་གསར་རྩོམ་པ་སོགས་སྐུ་མགྲོན་གྱིས་མཉམ་དུ་རིག་གནས་ཡུལ་སྐོར་དར་རྒྱས་གོང་འཕེལ་བཏང་ནས་ཐུན་མོང་ཐོག་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་ཕྱོགས་དང་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱས།

ཐེངས་འདིའི་བྱེད་སྒོའི"ཡུལ་སྐོར་བྱེད་ནCའདེམས་པའི"བརྗོད་བྱའི་ནང་མགོ་རྩོམ་མཛད་སྒོ་དང་ཤིས་ཚིག་ཕུལ་བ། གན་རྒྱ་འཇོག་པའི་མཛད་སྒོ། བཞེད་དོན་གཏམ་བཤད། རྩེར་སོན་གླེང་མོལ། མཉམ་ལས་བརྗེ་རེས། ཚོང་འགུགས་མ་འདྲེན་སོགས་ཀྱི་ནང་དོན་ཚུད་ཡོད། Cགྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་བ་དངCགྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་དུ་གླེང་པ། Cགྲོང་ཁྱེར་སྙན་པ་རྒྱས་པར་རོགས་འདེགས་བྱེད་པ། Cགྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ཚ་ཚད་ཆེས་ཆེར་མཐོ་རུ་གཏོང་པ། Cགྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ཚོང་རའི་གསོན་ཤུགས་སྐུལ་སློང་བྱེད་པ། Cགྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ལ་འགག་སྒྲོལ་གསར་པ་ཡོང་བར་རོགས་རམ་བཅས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号