མདོ་ལ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་སུ་བཏང་སྟེ་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་བཏང་།
ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། “མཐའ་ཚད་སྲུང་བ་དང་འཕེལ་རྒྱས་ལ་དམ་འཛིན། དར་སྤེལ་ལ་སྐུལ་འདེད་གཏོང་བའི”གཙོ་གནད་ལ་དམིགས་ནས། གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྡོད་བདེ་ལས་བདེའི་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་བྱས་པ་བཅས། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་མཐོར་འདེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕན་འབྲས་དངོས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ལས་ཀའི་སྟོབས་ཤུགས་གཞི་རིམ་དུ་བཏོན་ནས་སྡེ་སྡོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བསྐྱེད་པ། “རྩ་འཛུགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ཡུལ་གྲོང་ཏང་ཨུའི་ཐད་ཀའི་དོ་དམ། མངགས་གཏོང་སྡེ་ཁག་གི་རྗེས་འདེད་དོ་དམ”བཅས“ཕྱོགས་གསུམ་གཞི་གཅིག”གི་དོ་དམ་བྱེད་སྟངས་དོན་འཁྱོལ་ནན་མོ་བྱས་ནས། སྡེ་སྡོད་བྱ་བའི་རུ་ཁག་གི་འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་བཏང་། སྡེ་སྡོད་བྱ་བ་དོ་དམ་གྱི་ཆེད་དོན་འཛིན་གྲྭ་བཙུགས་པ་དང་། ལྐོག་བཅར་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་བཙུགས་ཏེ། སྡེ་སྡོད་ལས་བྱེད་པས་ལས་གནས་སུ་འགན་འཁྲི་སྒྲུབ་པ་དང་སྲིད་ཇུས་ཁོང་དུ་ཆུད་པ། སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐབས་བསྟུན་ལྐོག་བཅར་དང་ལྟ་སྐུལ་བྱས་པས། ལྟ་སྐུལ“གྲ་གྲུ་མ་ཉམས་པ”དང“ལྷག་ལུས་མེད་པ”ཁག་ཐེག་བྱས་ཡོད། རིམ་པ་དུ་མའི་མཉམ་འགུལ་ལམ་སྲོལ་བཙུགས་པ་དང《སྡེ་སྡོད་ལས་བྱེད་པའི་དོ་དམ་ཁས་ལེན་ཡི་གེ》ལ་མིང་རྟགས་བཀོད་དེ། ལས་བྱེད་པ“རྒྱུན་སྡོད་མི་བྱེད་པ”དང“ཕྱོགས་གཉིས་སུ་བྲེལ་བ”གཏན་འགོག་བྱས་ཤིང་། སྡེ་སྡོད་བྱ་བའི་རུ་ཁག་གི་མི་སྡེ་བར་ཡོད་པ་དང་སེམས་བྱ་བའི་ཐོག་གནས་པ་འགན་ལེན་བྱས་ཡོད།
འདུམ་འགྲིག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། མི་དམངས་འདུམ་འགྲིག་དང་སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་སྦྲེལ་མཐུད་མཉམ་འགུལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་དམངས་འདུམ་འགྲིག་ཐད་ཀྱི“བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ”དང་འགལ་རྩོད་ལ་དུས་བཀག་ལྟར“བསྐྱར་བཅར་གཉིས”བྱེད་པ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས། “སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས+སྡེ་ཁག་མང་པོ+རང་སྐྱོང་ལས་སྟེགས”སྣ་མང་མཉམ་འགུལ་གྱི་འདུམ་འགྲིག་བྱེད་ཐབས་ཕྱོགས་བསྡུས་སུ་བེད་སྤྱད་ཅིང་། གཞི་རིམ་མངགས་གཏོང་ཁང་སོགས་སྡེ་ཁག་མང་པོ“མཉམ་འབྲེལ་དཔྱད་བཅོས”ཁྲོད་ཞུགས་སུ་བཅུག་སྟེ། དོན་དག་ཕྲན་ཚེགས་སྡེ་བའི་ཕྱིར་མི་འཁྱར་བ་དང་དོན་དག་ཆེ་གྲས་ཡུལ་གྲོང་ལས་མི་འཁྱར་བ། འགལ་རྩོད་ཡར་ཞུ་མི་བྱེད་པ་ཁག་ཐེག་བྱས་ཡོད། ད་ལོ་ནས་བཟུང་། རྫོང་ཡོངས་ཀྱིས་འགལ་རྩོད་སྣ་ཚོགས77གྲལ་བཤེར་ཐག་གཅོད་བྱས་པ་དང་། གྱོད་གཞི77བདེ་བླག་ངང་ཐག་གཅོད་བྱས་པར་ལེགས་འགྲུབ་བྱུང་ཚད100%ཟིན་ལ། “བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི”མ་དངུལ་སྒོར་ཁྲི3.51སྤྲད།
ཡོད་རྒུ་རྩལ་སྤྲུགས་སྒོས“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བར”སྐུལ་འདེད་ཏན་ཏིག་བཏང་བ། མཉམ་ལས་ཀྱི་ལས་སྟེགས་ཧུར་ཐག་ཏུ་བསྐྲུན་ནས་དམངས་གཉེར་ཁེ་ལས་ཀྱིས་ལེགས་ཆ་འདོན་སྤེལ་སྒོས་སྡེ་བར་མ་འཇོག་ལས་གཏོད་ཧུར་ཐག་བྱེད་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཤིང་། མིག་སྔར་དམངས་གཉེར་ཁེ་ལས6“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”བྱ་སྤྱོད་ནང་ཞུགས་པ་དང་སྲིད་འཛིན་སྡེ་བ11ལ་ཁྱབ་ཡོད། མཉམ་འབྲེལ་སྡེ་བར་ཁེ་སྤོགས་བགོ་བ་དང་ལས་ཞུགས་མཁོ་འདོན། འོ་མ་ཉོ་སྒྲུབ། ནོར་ལུག་བཤས་གཏོང་སོགས་ཀྱི་རྣམ་པས་རོགས་སྐྱོར་བྱས་པའི་མ་དངུལ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི70ལྷག་ཙམ་ཟིན་ཡོད། མཛོད་ཞུགས་ཁེ་ལས་ཀྱིས་སྡེ་མི232ལ་རྒྱུན་རིང་ལས་མིའི་གྲོས་མཐུན་བཞག་སྟེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཤེས་ལྡན་མི་སྣ3བཀུག་པ་དང་། རིགས་ཁག་གི་ལག་རྩལ་ཤེས་ལྡན་མི་སྣ150གསོ་སྦྱོང་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བར་ཐོན་ལས་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注