མཚོ་བྱང་ཁུལ་གྱིས2024ལོའི་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བའི་ཡུལ་དངོས་སྐུལ་སློང་ཚོགས་འདུ་འཚོགས་པ།

ཟླ4པའི་ཚེས24ཉིན། མཚོ་བྱང་ཁུལ་གྱི2024ལོའི་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བའི་ཡུལ་དངོས་སྐུལ་སློང་ཚོགས་འདུ་དེ་ནུབ་མཚོ་གྲོང་རྡལ་གྱི་སྡོང་འཛུགས་ནགས་སྐྲུན་ས་ཚིགས་ནས་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་བྱ་བའི་བླང་བྱ་ལག་བསྟར་བྱས་ཏེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཕྲལ་དུ་འགུལ་སྐྱོད་སྤེལ་ནས་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བར་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བར་ཚད་བརྒལ་གསར་པ་ཡོང་བ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐུལ་སློང་གསུང་བཤད་གནང་ཞིང་། 2024ལོའི་རྒྱལ་ཁོངས་ལྗང་སྒྱུར་དང"བྱང་གསུམ"བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བ་མགོ་བརྩམས་པ་ཁྱབ་བསྒྲགས་ཞུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཧུང་ཀྲན་གྱིས་ད་ལོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་བཀོད་སྒྲིག་གནང་། མདའ་བཞི་རྫོང་སྲིད་གཞུང་གིས་རྣམ་འགྱུར་མཚོན་པའི་གཏམ་བཤད། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཞུས་ཡུང་ཀུང་། ལི་ཞུས་ཀྲེན། ཝན་བཀྲ་ཤིས་དོན་འགྲུབ། ཧ་ཝུན་ཞིག ཁྲང་ལིན་བཅས་མགོ་རྩོམ་མཛད་སྒོར་ཞུགས། 

ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། མཚོ་སྔོན་མ་ཟད་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་གནས་བབ་བཟུང་ཡོད། རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང"དེ་ལས་གལ་ཆེ་བ་གསུམ"གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པའི་བྱེད་ཐབས་གལ་ཆེན་ཞིག་དང"མཚོ་བྱང་ལྔ"འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་གཅིག་གྱུར་དང་དམིགས་ཚད་ཁ་གསལ། འགན་འཁྲི་ནན་དུ་གཏོང་པ་བཅས་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་བྱ་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན།  ཚུགས་གནས་མཐོ་རུ་བཏང་སྟེ་ཁྱོན་ཡོངས་ནས་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་པའི་བརྩེ་སེམས་བཅངས་ཏེ་རྒྱལ་ཁོངས་ལྗང་སྒྱུར་བའི་བྱ་བ་སྤུས་ཚད་མཐོ་བའི་ངང་སྤེལ་བ་དང་། ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་རིགས་སོ་སོའི་མང་ཚོགས་ཀྱིས་ནམ་མཁའ་དྭངས་ཤིང་ས་གཞི་སྔོ་བའི་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་མཉམ་སྤྱོད་ཐུབ་པར་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་པར་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་གྱི་འགག་རྩའི་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཆི་ཧྥན་གྱིས་རང་ཁུལ་དུ་བརྟག་ཞིབ་སྐབས་གནང་པའི"ནུབ་མཚོ་གྲོང་རྡལ་གྱི་རླུང་འགོག་ནགས་ར་འཛུགས་སྐྲུན་ཡག་པོ་བྱེད་པའི"བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ལག་བསྟར་གཏིང་ཟབ་བྱས་ནས་ནགས་འདེབས་ལྗང་སྒྱུར་ཅན་དུ་འགྱུར་བའི་དུས་ཚིགས་ཡག་ཤོས་དམ་འཛིན་གྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་འཛུགས་རན་པའི་སྡོང་ཕྲུག་འདེམས་སྤྱོད་བྱས་ཏེ་གཙོ་གནད་ཐོག་ནུབ་མཚོ་གྲོང་རྡལ་གྱི་ནུབ་བྱང་དང་ཤར་ལྷོའི་ཡུག་ཁུལ་གཉིས་ཀྱི་རླུང་འགོག་ནགས་ར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་རྒྱུན་མཐུད་ངང་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཤིང་། དམིགས་ཚད་ལ་དམ་པོར་དམིགས་ཏེ། ད་ལོར་བྱེ་འགྱུར་ས་ཞིང་བཅོས་སྐྱོང་མུའུ་ཁྲི8དང་རི་བཀག་ནགས་གསོ་མུའུ་ཁྲི1བཅས་ལེགས་འགྲུབ་དང་དེ་བཞིན2030ལོར་སླེབས་དུས་རྒྱལ་ཁོངས་མུའུ་ཁྲི359ལྗང་འགྱུར་ལེགས་འགྲུབ་བྱེད་པའི་ལས་འགན་གཞིར་བཟུང་དམིགས་ཚད་བགོ་བཤའ་དང་མྱུར་ཚད་ལྟར་བཀོད་སྒྲིག་ནན་ཏན་བྱས་ཏེ་དཀའ་ངལ་ཁྱད་གསོད་དང་དུས་ཡུན་དམ་འཛིན། གཞན་ལ་མི་བརྟེན་པ་དང་མི་སྒུག་པ། རྩ་འཛུགས་མགོ་ཁྲིད་དམ་འཛིན་དང་འགན་ཁུར་དོན་འཁྱོལ། དྲིལ་སྒྲོག་སྐུལ་འདེད། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་གལ་ཆེན་དམ་འཛིན་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་གཅིག་གྱུར་འཆར་འགོད་བཀོད་སྒྲིག་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་དབུལ་དགོས་ཟེར། 

ཀྲང་ཧྲིང་ཡོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་དྲག་པོ་འཁུར་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་ཡག་པོ་བྱེད་པ། བྱ་བ་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ནས་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱས་ཏེ་མཚོ་བྱང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་བུ་རབས་ཚ་རྒྱུད་ལ་ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཞིག་འཇོག་དགོས་པའི་བླང་བྱ་བཏོན།  

སྐུལ་སློང་ཚོགས་ཆེན་མཇུག་སྒྲིལ་རྗེས། ཤ་བོ་སྐྱབས་དང་། ཀྲང་ཧྲིང་ཡོན་སོགས་ཚོགས་འདུར་ཞུགས་པའི་ཁུལ་གྱི་མགོ་ཁྲིད་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ལས་བྱེད་ལས་བཟོ་བ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་དཔུང་ཁག སློབ་མའི་འཐུས་མི། ཁེ་ལས་ཀྱི་ལས་བཟོ་བ། སྡེ་ཁུལ་གྱི་སྡོད་དམངས། དགོན་པའི་གྲྭ་བཙུན་སོགས་མི1000ལྷག་མཉམ་དུ་ཡུལ་དངོས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།    

མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号