རྐང་ཚ་རྫོང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དེ་བྱ་བ་ཧྲིལ་བོའི་མགོ་རྩོམ་སར་བྱས་ཏེ། བྱ་བའི་སྒྲིག་སྲོལ་འཐུས་ཚང་དང་ཁྲིམས་ལྟར་སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱས།  

རྐང་ཚ་རྫོང་གིས་ཏང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་། ཁྲིམས་སྐྱོང་འཛུགས་སྐྲུན་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་ཨུ་ཡོན་ལྷན་ཁང་སྐྱོང་བའི་སྣེ་ཁྲིད་དེ། ལྟ་སྐུལ་དང་ཁྲིམས་འཛིན། ཁྲིམས་ལུགས་ལག་བསྟར། བཅའ་ཁྲིམས་ཁྱབ་གདལ་བཅས་མཐུན་འགྲིག་ཚན་ཆུང་བཞི་མཐུན་འགྲིག་བྱས་ཏེ། ཁྲིམས་ལྟར་རྫོང་སྐྱོང་བའི་གཅིག་གྱུར་སྐུལ་འདེད་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་སོ་སོས་རྩ་འཛུགས་མགོ་ཁྲིད་མ་ལག་གི་སྣེ་ཁྲིད། ཕན་ནུས་ལྡན་པའི་སྒོ་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཁྲིམས་ལྟར་ཐབས་ཇུས་མཐོར་འདེགས་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བྱེད་པ། ཁྲིམས་ལྟར་དོ་དམ་བྱེད་པའི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་བཏང་། 

ཧུར་ཐག་གིས་སྲིད་འཛིན་ཚད་ལྡན་ཡིག་ཆའི“གཅིག་གྱུར་གསུམ”གྱི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་སྲིད་གཞུང་གི་གན་རྒྱའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ཤུགས་ཆེར་བཏང་སྟེ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་ཕྱག་སོགས་ཀྱི་བྱ་བ་ཤུགས་དྲག་ཏུ་བཏང་། སྲིད་འཛིན་ཐབས་ཇུས་གོ་རིམ་གཏན་ཁེལ་དོན་འཁྱོལ་གཟབ་ནན་བྱས་ཏེ། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་། འབྲེལ་ཡོད་སྒྲིག་སྲོལ་ཕྱིར་བཏོན་པ་དང་། ཐབས་ཇུས་བྱ་བའི་སྒྲིག་སྲོལ་མུ་མཐུད་ནས་འཐུས་ཚང་དུ་བཏང་། ཐབས་ཇུས་སྤྱི་དམངས་དེའི་ཁྲོད་དུ་ཞུགས་པ། ཆེད་མཁས་པའི་དཔྱད་གླེང་། ཉེན་ཁའི་དཔྱད་འཇོག་སོགས་འབྲེལ་ཡོད་གོ་རིམ་དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་ཐབས་ཇུས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་། 

རྐང་ཚ་རྫོང་གིས་བཅའ་ཁྲིམས་བློ་འདྲིའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཧུར་ཐག་གིས་ཁྲིམས་ལུགས་ཁེ་ལས་སུ་སྐྱེལ་བ་དང་། “ཁྲིམས་སྐྱོང་ལུས་ཕུང་ཞིབ་བཤེར”བྱེད་པ་དང་། “གང་འདོད་གཉིས”དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་བ་དང་། “དྲ་གཅིག་ཡོངས་སྒྲུབ”དང་མཚོ་སྔོན་སྲིད་དོན་ཞབས་ཞུའི་སྟེགས་བུར་བརྟེན་ནས། དྲ་ཐོག་དང་ཡུལ་དངོས་སྲིད་དོན་ཞབས་ཞུ་མཁོ་འདོན་བྱས། མྱུར་སྐྱོབ་བྱེད་གང་ནུས་དང་རོགས་སྐྱོར་བྱེད་ཐབས་ལག་བསྟར་བྱས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་ལམ་བུ་ཤར་གཏོང་བྱས། བཅའ་ཁྲིམས་ཞབས་ཞུའི་རིག་ནུས་ཅན་ཁྱབ་གདལ་དུ་བཏང་ཞིང་། བཅའ་ཁྲིམས་འཕྲུལ་མི་སོགས་རྣམ་པ་གསར་བའི་དྲ་ཐོག་བེད་སྤྱོད་ཁྱབ་གདལ་དུ་བཏང་བ་དང་། སྒོ་ཁར་གཞུང་གི་དཔང་སྒྲུབ་སོགས་ཀྱི་དམངས་ཕན་བྱེད་ཐབས་གཞི་རིམ་དུ་བསྐྱོད་དེ། གཞི་གྲངས་ལམ་དུ་རྒྱུག་པ་དང་མང་ཚོགས་ཀྱི་དུས་ཚོད་གྲོན་ཆུང་དེ་མངོན་འགྱུར་བྱུང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号