མདོ་ལ་རྫོང་གིས་རྩྭ་ཕྱུགས་དོ་མཉམ་དོན་འཁྱོལ་བྱས་ནས་རྩྭ་ཐང་སྐྱེ་ཁམས་དོ་མཉམ་ཡོང་བའི་འགན་ལེན་བྱས་པ།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བྱས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཕྱུགས་བཀག་ཉུང་གཏོང་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་བེད་སྤྱོད་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

སྒྲིག་འཛུགས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཐང་དོ་དམ་མ་ལག་འཐུས་ཚང་དུ་བཏང་།《མདོ་ལ་རྫོང་གི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི(2021-2025ལོ་བར)》དང་། 《མདོ་ལ་རྫོང་གི2023ལོའིརྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི》སྔ་རྗེས་སུ་བཟོས་ཤིང་། གཙོ་གནད་བྱ་བ་དང་སྲིད་ཇུས་བྱ་ཐབས་ཞིབ་ཚགས་དང་ཏན་ཏིག་ངང་བཟོས་ཏེ་མདོ་ལ་རྫོང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་བྱ་བ་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱས་པར་མ་ཟད། ལེ་ལག་ཚང་བའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས《མདོ་ལ་རྫོང་གི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་དོ་དམ་བྱ་ཐབས》དང་། 《མདོ་ལ་རྫོང་གི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ལས་རྗེས་གདེང་འཇོག་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》སོགས་སྔ་རྗེས་སུ་བཟོ་བཅོས་དང་འཐུས་ཚང་དུ་བཏང་།

ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བྱེད་པོའི་འགན་འཁྲི་ཇེ་ནན་དུ་བཏང་། རྫོང་དང་ཡུལ་ཚོ། སྡེ་བ། བདག་སྐྱོང་པ། རོང་འབྲོག་ཁྱིམ་ཚང་བཅས་རིམ་པ་ལྔའི་དོ་དམ་མ་ལག་བཙུགས་ནས་དམིགས་ཚད་འགན་འཁྲིའི་ཡི་གེ་རིམ་པ་བཞིན་བཞག་པ་དང་། རིམ་པ་སོ་སོའི་འགན་འཁྲིའི་བྱེད་པོས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཐད་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ཏེ་ཁ་གསབ་བྱ་དགའི་མ་དངུལ་སྤྲོད་པ་དང་འགན་འཁུར་དགོས་པའི་རྩྭ་ཐང་སྲུང་སྐྱོབ་ཀྱི་འགན་འཁྲི་ནུས་ལྡན་ངང་སྦྲེལ་མཐུད་བྱས་ཡོད། དུས་མཚུངས་སུ་ཕྱུགས་བཀག་ཕྱུགས་རིགས་ཉུང་གཏོང་དང་རྩྭ་ཕྱུགས་དོ་སྙོམས་ཡོང་བར་བྱ་རྒྱུ་དེ་སྡེ་སྲོལ་དམངས་ཆིངས་ཀྱི་ཁྱབ་ཁོངས་ནང་བཅུག་ནས་གྲོང་མིའི་རང་སྐྱོང་ཕྱུགས་བཀག་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ལ་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱེད་པ། ཕྱུགས་རིགས་ལྐོག་གཏོང་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བྱེད་པ། རྒྱ་ཆེའི་མང་ཚོགས་ཕྱུགས་བཀག་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ནས་གྲོང་མིས་རང་བརྟེན་ཕྱུགས་བཀག་གཙོ་བོར་བྱེད་པ་དང་། ལྟ་སྐུལ་དོ་དམ་སྲུང་སྐྱོབ་གཞོགས་འདེགས་སུ་བྱེད་པ། ཕན་ཚུན་ལྟ་སྐུལ་ཚོད་འཛིན་བྱེད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་དང་ལྟ་སྐུལ་དོ་དམ་ལམ་སྲོལ་ཆགས་ནས་ཕྱུགས་བཀག་ཁུལ་དུ་ཕྱུགས་འཚོ་བའི་སྣང་ཚུལ་གཏན་དུ་བཀག 

ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་ནས་རྩྭ་ཐང་ཕྱུགས་ལས་ཀྱི་ལེགས་ཆ་མཐོ་རུ་བཏང་། རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་ལེགས་སུ་ཕྱིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། རྫོང་ཡོངས་ཀྱི་རྩྭ་ཐང་ཞན་འགྱུར་མུའུ་ཁྲི68.6ལེགས་བཅོས་བྱས་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད66%ཡན་ཟིན་ཡོད། དེ་དང་ཆབས་ཅིག་ཕྱུགས་བཀག་ཕྱུགས་རིགས་ཉུང་གཏོང་དང་། ཐོན་སྐྱེད་ཕྱོགས་སྒྱུར་ལ་སྐུལ་འདེད། སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་པ། ཞིང་འབྲེལ་ཕྱུགས་འབྲེལ་དང་གྲོང་གསེབ་ཀྱི་ཐོན་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་མ་དངུལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་ལ་དམིགས་ནས། གཟན་རྩྭའི་རྟེན་གཞི་དང་། “འཆར་གཞི་ཁྲི་སྟོང”། གཟན་རྩྭ་གསོག་འཇོག་སྐྱེལ་འདྲེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཆེའི་གསོ་ཚགས་ལག་རྩལ་དར་སྤེལ་དང་གསོ་སྤེལ་ཟུང་འབྲེལ། རྩྭ་ཕྱུགས་མཉམ་འགུལ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ཕྱུགས་འགོག་པ་ལས་གསོ་སྤེལ་མི་འགོག་པ། ཕྱུགས་འགོག་པ་ལས་ཡོང་འབབ་མི་འགོག་པ”ཡི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号