མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཐོག་དང་པོར་ཀྲུང་གོའི་རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ཐོན།

ཟླ4པའི་ཚེས20ཉིན། ཀྲུང་གོའི(ཧྲོའུ་ཀོང)རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་སྟོན་ཚོགས་སྐབས་ཉེར་ལྔ་པ་ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་དུ་མགོ་ཚུགས་པ་དང་། མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཐོག་དང་པོར་ཀྲུང་གོའི་རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ཐོན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་མཚོ་བྱང་ཞིང་ཕྱུགས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་བྱང་ཁུལ་གྱི་འགྲེམ་གནས་ལ་ཞིབ་བཤེར་བྱས་པ་དང་། ཐོན་རྫས་འགྲེམ་ཚོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། འགྲེམ་ཚོགས་དཔལ་འབྱོར་ལས་སྟེགས་ལ་བརྟེན་ནས་ཐོན་རྫས་གཉེར་ཚོང་འོས་སྦྱོར་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། གོམ་སྟབས་རྗེས་མར་གཉེར་ཚོང་འོས་སྦྱོར་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན།

ཐེངས་འདིའི་འགྲེམ་ཚོགས་དེ་ཧྲན་ཏུང་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་དང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱིས་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་དང་། ལིན་དབྱི་མའོ་དབྱི་ཞིན་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་སྤྱི་གཉེར་དང་མཉམ་འབྲེལ་ཐོག་མཚོ་བྱང་གི་འབྲེལ་ཡོད་ཁེ་ལས་ཀྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་སྣ་ཁ20ལྷག་ཙམ་སྒྲིག་འཛུགས་བྱས་ནས་འགྲེམ་ཚོང་དུ་ཞུགས། དེའི་ནང་ལྗང་མདོག་སྐྱེ་ལྡན་གྱི་སྐམས་ཤ་དང་ལུག་ཤ ནས་ཀྱི་ཐོན་རྫས། འོ་མའི་ཐོན་རྫས། སྦྲང་རྩི་སོགས་ཚུད་ཡོད། འགྲེམ་ཚོང་ཚོགས་འདུའི་ཐོག་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་ལ་མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ལ“དགའ་མཁན་མང་པོ་བྱུང་།”

གོམ་སྟབས་རྗེས་མར། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱིས་ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་དང་བྱ་བ་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་བསྣན་ནས་འགྲེམ་ཚོགས་ཀྱི་དཔལ་འབྱོར་ལས་སྟེགས་ལ་བརྟེན་ཏེ་ཐོན་རྫས་འགྲེམ་ཚོང་དང་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། མཚོ་བྱང་ཁུལ་གྱི“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་བཏོད་དེ་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号